གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་12ཉིན། 13:38】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གསར་འགོད་པས་ཟླ་1ཚེས་11ཉིན་ཀོང་ཏུང་ཞིང་ཆེན་ཧྲན་ཐོའུ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་11ཉིན་གྱི་ཕྱི་དྲོར། ཧྲན་ཐོའུ་གྲོང་ཁྱེར་ཧོའུ་ཅང་ཆུས་ལིའོ་ཧྲི་སྲང་ལམ་དུ་གློ་བུར་དུ་རི་མེ་ཤོར་བ་དང་། མེ་ཤོར་རྗེས་ས་གནས་དེ་གའི་ནགས་ཚལ་མེ་ཟོན་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་མེ་གསོད་ནང་ཞུགས་པ་དང་གནས་སྐབས་མི་སྣ་ཤི་རྨས་གང་ཡང་ཐོན་མེད་པ་རེད།