གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་09ཉིན། 21:01】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མེས་རྒྱལ་གྱི་མཐའ་མཚམས་ཀྱི་མདུན་ས་རུ་“རྟ་ཐོག་གི་རྒྱལ་ཁབ་བདེ་འཇགས་སྒྲོག་འགྲེལ་རུ་ཁག་”ཅིག་ཡོད། ཁོང་ཚོས་རྟ་བཞོན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འགོག་སྲུང་བརྟན་པོ་བྱས་ཡོད། བརྡར་ཟད་ཤོར་ནས་གསར་བརྗེ་བྱས་པའི་རྟའི་རྨིག་ལྕགས་ནི་ཁོང་ཚོས་རི་ཆུ་གང་སར་བསྐྱོད་པ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་མདུན་སྐྱོད་ཀྱི་བདེན་དཔང་གྲགས་ཅན་ཞིག་རེད། ཀྱག་ཀྱོག་གི་རི་ལམ་ནི་མདུན་སྐྱོད་ཀྱི་འགོག་རྐྱེན་གཏན་ནས་མིན་ཞིང་། སྐད་རིགས་མི་འདྲ་བའི་དཀའ་ཁག་སེལ་ཏེ་ཐེངས་མ་རེ་རེ་བཞིན་གསར་གཏོད་འཚོལ་ཞིབ་བྱས་པ་ནི་རྒྱལ་སྲུང་འདུ་ཤེས་ཀྱི་ས་བོན་དེ་འབྲོག་པའི་སེམས་སུ་འདེབས་ཆེད་རེད། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་སྐབས་དྲུག་པའི་དུས་ཆེན་སླེབས་མཚམས་སུ། ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ལེགས་སྐྱེལ་འབུལ་མཁན་ཉེན་རྟོག་པ་ཚང་མར་བླ་ན་མེད་པའི་གུས་བཀུར་ཞུ།