གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་09ཉིན། 14:32】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ལོ་གསར་པ་ཤར་མཚམས་སུ། དམག་ཡོངས་ཀྱི་དམག་དཔུང་གི་ལོ་འཁོར་གསར་པའི་དམག་དོན་སྦྱོང་བརྡར་བྱེད་འགོ་ཚུགས་ཡོད། ཉིན་ཤས་བསྟུད་མར། ཐང་རྒོད་དང་གྲམ་ཐང་ནས་མཚོ་རྒྱུད་ཀྱི་འཐབ་ས་དང་པོའི་བར་དང་། གངས་ལྗོངས་ས་མཐོ་ནས་རི་ཁུལ་གྱི་ནགས་ཚལ་སྟུག་པོའི་བར་དམག་དཔུང་ཡོངས་སུ་དམག་སྦྱོང་གི་ཚ་རླབས་ཤིག་འཕྱུར་ནས་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་སད་ཐེག་པའི་རྩལ་ནུས་ལ་སྦྱོང་བརྡར་སྤྲས་ཡོད། འདི་ནི་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་སྐབས་བསྟུན་ཡན་ལག་རུ་ཁག་ཅིག་གི་དཔོན་དམག་གིས་རོགས་སྐྱོབ་ནང་སྦྱོང་བྱེད་བཞིན་པ།