འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་9ཉིན།

བོད་ལྗོངས་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས།

༄༅།།རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་གི་ཚོང་འགུགས་ཚོགས་ཆེན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་09ཉིན། 14:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དོ་དམ་ཨུ་ལྷན་གྱིས་གཙོ་གཉེར་དང་དབྱི་ཝུའུ་གྲོང་ཁྱེར་རྒྱལ་སྒྲོལ་དྲ་ཚོང་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི་ལྷ་ས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་གི་ཚོང་འགུགས་ཚོགས་ཆེན་ལྷ་སར་འཚོཌ་པ་རེད། Amazon(ཡ་མ་ཤུན)དངLazada(ལའེ་ཙན་ཏ)སོགས་རྒྱལ་མཚམས་སྒྲོལ་བའི་ལས་སྟེགས་དང་། ལྗོངས་ཕྱིའི་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་ཁེ་ལས་30ལྷག་ཙམ་དང་། དེ་བཞིན་ལྷ་ས་རང་གི་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་ཁེ་ལས་དང་། ཁྱད་ལྡན་ཐོན་རྫས་ཁེ་ལས། དངུལ་རྩའི་སྒྲིག་གཞི་བཅས་ཀྱི་འཐུས་མི་50ལྷག་ཙམ་ཞུགས་ཡོད་པ་རེད།

     ས་གནས་ས་ཐོག་ཏུ་གན་རྒྱ་འཇོག་པའི་ལྷུ་ཚིགས་སུ་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་ཁེ་ལས་5དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། ལས་སྒོའི་གྲས་སུ་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་ཕྱིར་ཚོང་དང་། ཟོག་འགྲུལ། མཁོ་སྤྲོད་འཁོར་འབྲེལ་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད། དེ་དང་ཆབས་ཅིག དབྱི་ཝུའུ་གྲོང་ཁྱེར་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་མཐུན་ཚོགས་དང་ཀྲེ་ཅང་ཅཱ་སུའུ་ཏ་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སི་དབར་མཉམ་ལས་ཀྱི་འདོད་མཐུན་གྲོས་མཐུན་བཞག་པ་རེད།