འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་8ཉིན།

༄༅།།ཧུང་སེན་གྱིས་ཀྲུང་གོ་དང་ཨ་རི་སོགས་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་08ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཁམ་ཕུ་ཁྲེའི་གྲོས་ཁང་གོང་མའི་ཀྲུའུ་ཞི་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སེན་གྱིས་ཚེས་7ཉིན་ཁམ་ཕུ་ཁྲེས་ཐེ་ལན་དང་བཞག་པའི་དམག་མཚམས་འཇོག་པའི་གྲོས་མཐུན་ཕྱོགས་ཡོངས་ནས་ལག་བསྟར་ནན་པོ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཞི་བདེ་སླར་གསོ་བྱ་རྒྱུར་གཞོལ་རྒྱུ་ཡིན་ཞེས་བཤད་པ་དང་། ཁོང་གིས་ཉིན་དེར་ཁམ་ཕུ་ཁྲེ་དང་ཐེ་ལན་དབར་གྱི་ཞི་བདེ་སླར་གསོ་བྱ་རྒྱུ་དེ་ས་ཁུལ་དེའི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་། དར་རྒྱས་བཅས་ལ་ཕན་པ་ཡོད་ཅེས་བཤད་པ་དང་།

     ཁོང་གིས། “ཁམ་ཕུ་ཁྲེས་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་དུ་ཨ་རི་དང་ཀྲུང་གོ་དང་དེ་བཞིན་(སྐབས་དེའི་)ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་མ་ལེ་ཞི་ཡའི་མཐུན་སྦྱོར་འོག་གི་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་བཅས་ཀྱིས་ཞི་བདེའི་ཐག་གཅོད་ཐབས་ལམ་འཚོལ་རྒྱུར་གཞོགས་འདེགས་དང་དེའི་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་བཤད་པ་རེད།