འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་8ཉིན།

༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་ཞིག་ཏུ་གྲོང་དཔོན་གཞོན་པ་གཉིས་བསྐོ་གཞག་བྱས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་08ཉིན། 15:07】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

མཚོ་སྣ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བསྐོ་འཐེན་མིང་ཐོ།

     (2026ལོའི་ཟླ་དང་པོའི་ཚེས་7ཉིན་མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་།)

     ཝང་སིན་མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་དཔོན་གཞོན་པར་བསྐོ་གཞག་བྱེད་རྒྱུ་དང་།

     བཀྲ་ཤིས་དོན་གྲུབ་མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་དཔོན་གཞོན་པར་བསྐོ་གཞག་བྱེད་རྒྱུ།

     མའོ་ཀྲི་ཧུའུ་མཚོ་སྣ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཕྱོགས་བསྡུས་འདྲི་གཅོད་ཁྲིམས་སའི་འགོ་འཛིན་དུ་བསྐོ་གཞག་བྱེད་རྒྱུའི་ཐག་བཅད།

མཚོ་སྣ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་མིང་ཐོ།

     (2026ལོའི་ཟླ་དང་པོའི་ཚེས་7ཉིན་མཚོ་སྣ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་དང་པོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་།)

     ལིའུ་ཀྲུང་ཆོན་གྱི་མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་།

     ཀྲང་ཙུང་པའོ་ཡི་མཚོ་སྣ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།

     མའོ་ཀྲི་ཧུའུ་ཡི་མཚོ་སྣ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུའི་ཐག་བཅད།