འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་8ཉིན།

༄༅།།ས་ཡོམ་རྗེས་ཀྱི་ཞག་མ་365 ང་ཚོ་འཚོ་བ་གསར་པར་ཁ་ཕྱོགས་ཡོད།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་08ཉིན། 15:04】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     བསྐྱར་སྐྲུན་བྱས་པའི་བརྡ་ཁྱབ་ནང་གི་ཁང་པ་དང་འཛུམ་མདངས་ནས་འགོ་བཙུགས་པ་འདི་དག་ནི་དགའ་བས་བསུས་པའི་བསྐྱར་སྐྲུན་བསྐྱར་མ་རྒྱུན་གཏན་ཞིག་རེད། “གེགས་སེལ་”ནས་“བསྐྱར་སྐྲུན་”དང་། “བསྐྱར་སྐྲུན་”ནས་“དར་རྒྱས་”བར་གྱི་ལམ་བུ་དེད་ནས་ཕྱིར་མིག་ལྟ་སྐབས། ཞག་མ་365ཡི་རིང་ས་གཞི་ཆེན་པོའི་གས་སྲུབས་དང་མིའི་དཔའ་དང་བློ་སྟོབས་ཚང་མ་དུས་དང་མཉམ་དུ་ལོ་རབས་ཀྱི་འཁོར་ལོར་བརྐོས་ཡོད།

     ད་ལྟའི་དྲོ་སྐྱིད་ལྡན་པའི་དགུན་ཁ་དེ་གཏན་ཆགས་ཀྱི་ཁྱིམ་གཞིས་སུ་འགྱུར་བ་དང་། ཕྱིར་ལྟ་བྱེད་ཐེངས་རེར་སྔར་བས་བརྗིད་ཆགས་པའི་གངས་རི་དང་དེ་བས་བརྟན་འགྱུར་གྱི་རང་ཉིད་མཐོང་རྒྱུ་ཡོད་པར་སྨོན།

     འདས་ཟིན་པའི་ལམ་བུའི་ཐོག་ང་ཚོ་ཁྱེད་དང་མཉམ་དུ་ཡོད་ལ། མ་འོངས་པརའི་ལམ་བུར་ཁྱེད་རང་སྒུག་ནས་སྡོད་རྒྱུ་ཡིན།

     ལོ་འཁོར་གཅིག་ལོན་པའི་ཉིན་མོར། ནུས་ཤུགས་འགས་ལྷིང་འཇགས་དང་ཁུ་སིམ་མེར་ང་ཚོ་མདུན་ཕྱོགས་སུ་འདེད་བཞིན་ཡོད། ནུས་ཤུགས་འདི་ལ་བརྩེ་བ་ཟེར། དེ་རིང་ང་ཚོས་མཉམ་དུ་《བརྩེ་བའི་ནུས་ཤུགས་》ཞེས་པའི་ཁྲོད་ནས་འདི་མཐོང་ཐོས་དང་བརྒྱུད་སྤྲོད་བྱེད།