གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་08ཉིན། 14:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་9ཉིན། “མིག་དམར་ཉི་འཕྲོད་”ཀྱི་ཉི་མ་ཡིན་པས། སའི་གོ་ལ་དང་སྐར་མ་མིག་དམར་སོ་སོར་ཉི་མའི་གཞོགས་གཉིས་སུ་འཁོར་སྐྱོད་བྱེད་པ་དང་། གསུམ་པོ་ཧ་ལམ་དྲང་ཐིག་ཅིག་ཏུ་འགྱུར་ངེས་ཏེ། སྐར་མ་མིག་དམར་དུས་ཡུན་ཐུང་ངུར“འབྲེལ་ཐག་ཆད་”རྒྱུ་རེད། དུས་རིམ་འདིར་སྐར་མ་མིག་དམར་དང་སའི་གོ་ལའི་བར་ཐག་ཧ་ཅང་རིང་ལ། ཧ་ལམ་སྤྱི་ལེ་དུང་ཕྱུར་3.595ཟིན་པ་དང་། ཧ་ལམ་ གནམ་དཔྱད་རྩིས་གཞི་2.403དང་མཚུངས།
“གནམ་དཔྱད་རིག་པའི་ཆ་ནས་བལྟས་ན། ‘མིག་དམར་ཉི་འཕྲོད་’ཞེས་པ་ནི་སྐར་མ་མིག་དམར་དང་ཉི་མར་སའི་ལྟེ་སྙིང་ནས་མཐོང་བའི་སེར་གཞུང་དང་མཚུངས་པའི་དུས་སྐབས་ལ་ཟེར་བ་ཡིན། སྔ་གཞུག་གི་དུས་ཡུན་ངེས་ཅན་ཞིག་ཏུ་སྐར་མ་མིག་དམར་དང་ཉི་མའི་ཟུར་གྱི་བར་ཐག་ཧ་ཅང་ཐུང་། སྐར་མ་མིག་དམར་མིག་ཉི་མའི་རྒྱབ་ཏུ་གབ་པས། ང་ཚོས་ལྟ་ཞིབ་བྱེད་ཐབས་མེད། ” ཀྲུང་གོའི་ཚན་རིག་ཁང་གི་ཙི་ཅིན་ཅིན་གནམ་དཔྱད་ཁང་གི་ཚན་རིག་ཁྱབ་གདལ་གཙོ་གཉེར་པ་ཝང་ཁོ་ཁྲའོ་ཡིས་བཤད་རྒྱུར། དེ་ནི་ “མིག་དམར་ཉི་གཏད་”་དང་འདྲ་བར། “མིག་དམར་ཉི་འཕྲོད་” ནི་ཧ་ལམ་ཟླ་བ་26རེར་ཐེངས་རེ་འབྱུང་བ་རེད། དེ་ནི་སའི་གོ་ལ་དང་སྐར་མ་མིག་དམར་གྱི་བལྟོས་བཅས་ཀྱི་སྤྱི་འཁོར་འཁོར་ཡུན་གྱིས་ཐག་བཅད་ཡོད།