གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་06ཉིན། 13:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་འཆར་གཞི》(གཤམ་ལ《བྱ་སྤྱོད་འཆར་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བྱ་སྤྱོད་འཆར་གཞིའི》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཐོག་འབོར་འཕྲི་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་ཀྱི་རྩ་དོན་ལྟར་བརྒྱུད་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་གཙོ་གནད་འགག་སྒྲོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆད་སྐྱོན་དང་ཞན་ཆ་མགྱོགས་མྱུར་སེལ་བ་དང་། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ས་ཁུལ། གཙོ་གནད་གནད་དོན་བཅས་ལ་དམ་པོར་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་དང་གདུབ་ཟུམ་དོ་དམ་ནན་པོ་བྱས་ནས་འབྱུང་རྩ་ཉུང་གཏོང་དང་། བརྒྱུད་རིམ་དོ་དམ་ཚོད་འཛིན། མཇུག་སྣེ་བེད་སྤྱོད། འཁོར་འབྲེལ་ཧྲིལ་པོ་གནོད་མེད་ཅན་དོ་དམ་བཅས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྒྲིག་མ་ལག་བཙུགས་ནས། མང་ཚོགས་ཀྱི་འཚོ་བ་དང་བདེ་འཇགས་ཐོན་སྐྱེད་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲ་གཟུགས་སྙིགས་རོ་དག་སྔོན་ལ་བཅོས་སྒྲིག་བྱེད་པ་དང་ཆབས་ཅིག ཕྱོགས་བསྡུས་བཅོས་སྒྲིག་གི་ཕུགས་ཕན་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས། སྲ་གཟུགས་སྙིགས་རོ་མང་དུ་འགྲོ་བའི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
《བྱ་སྤྱོད་འཆར་གཞིའི》ནང་། 2030ལོར་སླེབས་སྐབས། གཙོ་གནད་ཁྱབ་ཁོངས་ཀྱི་སྲ་གཟུགས་སྙིགས་རོ་ཆེད་དོན་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། སྲ་གཟུགས་སྙིགས་རོ་ཕུང་གསོག་ཐེབས་པར་དོ་དམ་ཚོད་འཛིན་ནུས་ལྡན་དང་སྙིགས་རོ་ཁྲིམས་འགལ་ངང་བཤོ་མང་བའི་སྣང་ཚུལ་བཀག་འགོག་ཐུབ་རྒྱུ་མ་ཟད། ད་དུང་ལོ་རེར་འབོར་ཆེའི་སྲ་གཟུགས་སྙིགས་རོ་ཏུན་དུང་ཕྱུར་45ཕྱོགས་བསྡུས་བེད་སྤྱོད་དང་། བསྐྱར་སྐྱེས་ཐོན་ཁུངས་གཙོ་བོ་ལོ་རེར་ཏུན་དུང་ཕྱུར་5.1རྒྱུན་འཁོར་བེད་སྤྱོད་བྱས་ནས། སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྒྲིག་ནུས་པ་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུ་རེད་ཅེས་བཏོན་ཡོད་པ་རེད།།
《བྱ་སྤྱོད་འཆར་གཞིའི》ནང་། བཟོ་ལས་དང་། གྲོང་ཁྱེར་དང་གྲོང་རྡལ། ཞིང་ནགས་སོགས་སྙིགས་རོ་ཐོན་ཁུལ་གཙོ་བོར་དམིགས་ནས་འཁོར་འབྲེལ་ཧྲིལ་པོ་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པའི་བསམ་ཕྱོགས་ལྟར། ལྷུ་ཚིགས་ཁག་གི་བཅོས་སྒྲིག་ལས་འགན་སྔར་བས་ཁ་གསལ་དང་། འབྱུང་རྩར་དོ་དམ་ཚོད་འཛིན་དང་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། བསྡུ་རུབ་བརྒྱུད་འདྲེན་དང་ཉར་འཇོག་ཚད་ལྡན་དུ་གཏོང་བ། ཐོན་ཁུངས་ཅན་གྱི་བེད་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ། གནོད་མེད་ཅན་གྱི་བཅོས་སྒྲིག་ནུས་པ་ཆེ་རུ་གཏོང་བ། ཁྲིམས་འགལ་ངང་སྲ་གཟུགས་སྙིགས་རོ་བཤོ་བ་དང་། འཚོ་བའི་གད་སྙིགས་སྦས་སའི་ཁོར་ཡུག་སྦགས་བཙོག་གི་མངོན་མེད་རྐྱེན་ངན། ཨར་སྐྲུན་གད་སྙིགས། ལོ་རྒྱུས་ཐོག་ལུས་པའི་སྲ་གཟུགས་སྙིགས་རོ་སྤུངས་ས་སོགས་གཙོ་གནད་ཁྱབ་ཁོངས་ཆེད་དོན་བཅོས་སྒྲིག བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་དང་ཁྲིམས་སྒྱུར་ལྟ་ཞིབ་ནན་གཏོང་། ཁྲིམས་སྲོལ་ཚད་གཞི་དང་ལག་རྩལ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
《བྱ་སྤྱོད་འཆར་གཞིའི》ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། ས་གནས་རིམ་ཁག་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་དང་དམིགས་ཚད་ལས་འགན་ཞིབ་ཚགས་སུ་བཏང་སྟེ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ལྟར་ལས་བགོས་བརྒྱབ་ནས་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས།