གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 01ཚེས་05ཉིན། 14:48】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཨ་རིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་བཟའ་ཟླ་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པའི་སྐོར་གྱི་གསར་འགོད་པའི་དྲི་བར་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ལན་བཏབ།
དྲི་བ། གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་དང་པོའི་ཚེས་3ཉིན་ཨ་རིས་དམག་དཔུང་མངགས་ནས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་བཟའ་ཟླ་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པ་དང་འབྲེལ་རྒྱལ་མཚམས་ནས་ཕྱི་རུ་སྐྱེལ་བ་རེད། རྒྱལ་ཁབ་མང་པོའི་སྲིད་གཞུང་གིས་སྐད་ཆ་བཤད་ནས་དེར་ངོ་རྒོལ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཟེར།
དྲིས་ལན། ཨ་རི་ཕྱོགས་ཀྱིས་ཙུང་ཐུང་མ་ཏུའུ་ལུའོ་བཟའ་ཟླ་གཉིས་བཙན་ཤེད་ཀྱིས་ཚོད་འཛིན་བྱས་པ་དང་འབྲེལ་རྒྱལ་མཚམས་ནས་ཕྱི་རུ་སྐྱེལ་བར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱི་བྱེད་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་མངོན་གསལ་འགལ་བ་དང་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ཀྱི་དམིགས་ཡུལ་དང་རྩ་དོན་ལས་འགལ་བ་རེད། ཨ་རི་ཕྱོགས་ཀྱིས་ཙུང་ཐུང་མ་ཏུའུ་ལུའོ་བཟའ་ཟླ་གཉིས་པོའི་ལུས་ཁམས་བདེ་འཇགས་ལ་འགན་ལེན་བྱས་ནས་ཙུང་ཐུང་མ་ཏུའུ་ལུའོ་དང་སྐུ་ཟླ་འཕྲལ་མར་གློད་འགྲོལ་བཏང་ནས་ཝེ་ནེ་ཙུའེ་ལའི་སྲིད་དབང་མགོ་རྟིང་སློག་མཚམས་འཇོག་རྒྱུ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་ནས་གནད་དོན་ཐག་གཅོད་བྱེད་དགོས་ལུགས་ཀྲུང་གོ་ཕྱོགས་ཀྱིས་རེ་འབོད་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད།