འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་5ཉིན།

༄༅།།ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙེ་མིང་པེ་ཅིང་དུ་འབྱོར་བ་དང་། ཀྲུང་གོར་འཚམས་འདྲི་གནང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་05ཉིན། 14:37】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙེ་མིང་ཟླ་དང་པོའི་ཚེས་4ཉིན་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་དུས་ཡུན་ཉིན་བཞིའི་རིང་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

     འཚམས་འདྲི་འདི་ནི་ཙུང་ཐུང་ལི་ཙེ་མིང་གིས་འགན་བཞེས་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་ཐེངས་དང་པོ་རེད། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་ནི་ཕན་ཚུན་ཁྱིམ་མཚེས་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་འཚམས་འདྲི་འདིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་དགེ་མཚན་ལྡན་པར་འདོན་སྤེལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།