འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་5ཉིན།

༄༅།།ཙུང་ཐུང་གཞོན་པ་ཨུ་རུ་སུར་ཡོད་ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་05ཉིན། 14:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་3ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ལུའོ་ཏེ་ལི་ཀེ་སི་ཨུ་རུ་སུའི་མངའ་ཁོངས་སུ་ཡོད་ཟེར་བ་དེ་ངོས་ལེན་བྱས་མེད་ཅིང་། འབྲེལ་ཡོད་གནས་ཚུལ་རྫུན་མ་རེད་ཅེས་བཤད་པ་རེད།

    ཐ་སི་གསར་འགྱུར་ཁང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའི་གནས་ཚུལ་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ལུའོ་ཏེ་ལི་ཀེ་སི་ཨུ་རུ་སུར་ཡོད་པའི་འབྲེལ་ཡོད་གནས་ཚུལ་སྤེལ་བ་ནི་གསར་འགྱུར་རྫུན་མ་ཞིག་ཡིན་ཞེས་བཤད་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝས་ཨུ་རུ་སུའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་འབྲེལ་ཡོད་གནས་ཚུལ་ངོས་ལེན་བྱས་མེད།