འཚོལ་བཤེར།   
藏文频道
2026ལོའི་ཟླ་1ཚེས་4ཉིན།

༄༅།།ཐུར་ཁེས་ཀྲུང་གོའི་སྤྱི་དམངས་ལ་མཐུས་མཆན་འགོད་མི་དགོས་པའི་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 01ཚེས་04ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཐུར་ཁེའི་སྲིད་གཞུང་གིས་2025ལོའི་ཟླ་12ཚེས་31ཉིན་ཁྱབ་བསྒྲགས་བྱས་དོན་དུ། 2026ལོའི་ཟླ་དང་པོའི་ཚེས་2ཉིན་ནས་བཟུང་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་མཐུས་མཆན་འགོད་མི་དགོས་པར་ཐུར་ཁེའི་རྒྱལ་ཁོངས་སུ་འཛུལ་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

     གཞུང་ཕྱོགས་ཀྱི་སྤྱི་བསྒྲགས་གཞིར་བཟུང་ན། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་གྱིས་ཙུང་ཐུང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་2026ལོའི་ཟླ་དང་པོའི་ཚེས་2ཉིན་ནས་བཟུང་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚོ་ཡུལ་སྐོར་དང་རྒྱལ་མཚམས་སྒྲོལ་བར་མཐུས་མཆན་འགོད་མི་དགོས་པའི་ཐོབ་ཐང་ལོངས་སུ་སྤྱད་ཆོག་པ་དང་། ཉིན་180གང་རུང་ནང་ཐུར་ཁེར་བསྡད་ཆོག་པའི་དུས་ཚོད་མང་ཤོས་ཉིན་90ཡིན་པ་གཏན་འཁེལ་བྱས་པ་རེད།