ཁེ་ལས་700ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་23ཉིན། 13:58】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་19ཉིན་ནས་ཚེས་21ཉིན་བར། ནང་འདྲེན་འགྲེམས་ཚོགས་ཀྱི་ཐོན་རྫས་སྤུས་དག་ཚོང་འདུས་སྐབས་དང་པོ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས (ཧྲང་ཧའེ)སུ་འཚོགས་པ་རེད། “ནང་འདྲེན་འགྲེམས་ཚོགས་ཆུང་བའི”མཚན་སྙན་ལྡན་པའི་ཚོང་འདུས་དེ་ནི་ནང་འདྲེན་འགྲེམས་ཚོགས་ཕུད། དམིགས་བསལ་ཁྱབ་ཁོངས་ཀྱི་ཐོན་རྫས་སྤུས་ལེགས་ལ་དམིགས་ནས་འཚོགས་པའི་འགྲེམས་ཚོགས་ཤིག་རེད་ལ། “ཁྲོམ་ར་ཆེན་པོ་མཉམ་སྤྱོད། ཀྲུང་གོར་ཕྱིར་གཏོང་བྱེད་པའི”རིམ་སྤེལ་བྱེད་སྒོའི་ས་ཚིགས་གལ་ཆེན་ཞིག་ཀྱང་རེད། དེའི་རིང་གཙོ་བོ་འཛད་སྤྱོད་པར་དམིགས་ཏེ་འགྲེམས་ཚོང་བྱེད་པ་དང་དུས་མཚུངས། ཉོ་སྒྲུབ་ཚོང་པ་དང་། ཞབས་ཞུའི་ཚོང་པ། ཚོང་འདྲེན་ཚོང་པ་སོགས་ཀྱི་ཡིད་དབང་ཀྱང་འགུགས་བཞིན་ཡོད་པ་རེད།
ཚོང་འདུས་སུ་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱི་ཁེ་ལས་700ལྷག་ཙམ་མཉམ་དུ་འཛོམས་ནས། མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཟའ་བཅའ་དང་། ཉེར་སྤྱོད་དངོས་རྫས། བདེ་སྲུང་ཐོན་རྫས་སོགས་ཡོད་པ་དང་། སྤྱི་ཚོགས་ཡོངས་ལ་ཕྱོགས་ཏེ། འཛད་སྤྱོད་པས་གཅིག་འཐུས་རྣམ་པའི་ཐོག་ནས“ནང་འདྲེན་འགྲེམས་ཚོགས་ཀྱི་ལོ་གསར་མཁོ་ཆས”ཉོ་སྒྲུབ་དང་། “འགྲེམས་རྫས་ཚོང་ཟོག་ལ་འགྱུར་བར”སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་ཐོན་རྫས་སྤུས་དག་ཁྱིམ་ཚང་ཁྲི་སྟོང་མང་པོས་སྤྱོད་ཐུབ་པར་བྱས་པ་རེད།