འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་19ཉིན།

༄༅།།རང་རྒྱལ་གྱིས་2030ལོའི་སྔ་ནུབ་ཏུ་སྤྱིར་ན་6Gཚོང་ལས་ཐད་སྤྱོད་འགོ་འཛུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་19ཉིན། 09:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2026ལོའི་ཀྲུང་གོའི་ཆ་འཕྲིན་འཕྲིན་གཏོང་ཁང་གི་ལྟ་ཞིབ་གཏིང་ཟབ་སྙན་ཞུའི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། 6Gའཕེལ་རྒྱས་གཏོང་རྒྱུ་དེ་ནི་རང་རྒྱལ་གྱི་རེ་འདུན་དང་དགོས་མཁོ་ཁ་གསལ་ཞིག་ཡིན་པ་གཏན་འཁེལ་བྱུང་བ་དང་། ལག་རྩལ་ཚད་བརྒལ་བྱེད་པར་གྲུབ་འབྲས་རགས་ཙམ་ཐོན་པ། ཚད་ལྡན་ཞིབ་འཇུག་ཕྱོགས་ཡོངས་ནས་འགོ་ཚུགས་པ་བཅས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཚད་ལྡན་ཞིབ་བཟོ་དང་ཐོན་ལས་ཞིབ་སྤེལ་ལས་དོན་གཙོ་གནད་ཐོག་སྤེལ་རྒྱུ་དང་། སྔོན་དཔག་བྱས་ན་2030ལོའི་སྔ་ནུབ་ཏུ་ཚོང་ལས་ཐད་སྤྱོད་འགོ་འཛུགས་རྒྱུ་དང་2035ལོར་སླེབས་སྐབས་གཞི་རྒྱ་ཆེན་པོས་ཚོང་ལས་ཐད་སྤྱོད་ཐུབ་པ་བྱས་ནས། སྒོར་དུང་ཕྱུར་ཁྲི་རིམ་པའི་6Gཐོན་ལས་དང་ཉེར་སྤྱོད་ཁྲོམ་ར་སྐྱེད་སྲིང་ཐུབ་པར་འབད་བཞིན་ཡོད་པ་རེད།

     ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས། 5Gཡི་དེ་སྔའི་ལས་སྒོ་སྤེལ་ཡུལ་ཆེན་པོ་གསུམ་ཕུད། 6Gཡིས་འཕྲིན་གཏོང་དང་AIམཉམ་འདྲེས་གཏིང་ཟབ་བྱེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས། སྒུལ་བདེའི་རིག་ནུས་ཅན་གྱི་ཞབས་ཞུའི་རྣམ་པ་དང་ཁོར་ཡུག་གཙོ་གནད་དུ་སྐྱེད་སྲིང་བྱས་ཏེ། དཔལ་འབྱོར་འཕར་གཞི་གསར་པ་གཏོད་དགོས་ཀྱི་ཡོད་ཅེས་བརྗོད།