འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་19ཉིན།

༄༅།།དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ལ་བོད་ཀྱི་འཐུས་མི་ཚོགས་པར་ གསེར་གྱི་རྟགས་མ་24ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་19ཉིན། 09:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་15ཉིན། རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགྲན་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་ནས་བདེ་བླག་ངང་མཇུག་འགྲིལ་བ་རེད། སྐབས་འདིའི་འགྲན་བསྡུར་གཟབ་རྒྱས་ལ་རང་ལྗོངས་ཀྱི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་24དང་། དངུལ་གྱི་རྟགས་མ་32 ཟངས་ཀྱི་རྟགས་མ་20བཅས་ཐོབ་ནས་འགྲན་ཞུགས་ཀྱི་གཞི་ཁྱོན་དང་། རྣམ་གྲངས་ཀྱི་འབོར་གྲངས་། དེ་བཞིན་གཟེངས་བསྟོད་རྟགས་མའི་བསྡོམས་འབོར་བཅས་ཚང་མས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

     སྐབས་འདིའི་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ནི་རྒྱལ་ནང་གི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡིན་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པ་73རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོ་དང་། མཆོང་རྒྱུག་འཕེན་གསུམ། འདྲེད་འཁོར་སོགས་ཀྱི་རྣམ་གྲངས་9ཡི་འགྲན་བསྡུར་ལ་ཞུགས་པ་དང་། ཉིན་7གྱི་འགྲན་བསྡུར་ནང་། ལུས་རྩལ་པ་ཚོས་འགྲན་རར་ནུས་རྩལ་ཅན་གྱི་ཁ་གཏད་ལ་མི་སྐྲག་པར་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་པས། ཕུལ་དུ་བྱུང་བའི་རྩལ་འགྲན་ནུས་པ་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད་པ་རེད།

     ཚེས་15ཉིན་གྱི་སྔ་དྲོར་གཉེར་བའི་མི་ལྔའི་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་རང་ལྗོངས་ཀྱི་ལུས་རྩལ་པས་བསྡུར་གྲངས་51:46གི་ཐོག་ནས་ཧོ་པེ་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འཐུས་མི་ཚོགས་པའི་འགྲན་བསྡུར་གྱི་མཇུག་ཡག་པོ་བསྡུས་པ་རེད།