གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་16ཉིན། 15:05】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཡུག་རེན་གྱི་སྨྱན་སྦྱོར་དུ་ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་དང་མཚོ་དམག་གིས་ཨུ་རུ་སུའི་ཤིན་ལུའོ་ཞི་སི་ཁེ་གྲུ་ཁའི་དམག་དོན་རྟེན་གཞིར་མཉམ་འབྲེལ་ཐོག་དམིགས་བསལ་གྱི་དམག་འཐབ་བྱ་སྤྱོད་སྤེལ་བ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་ཕྱོགས་ཀྱིས་“ཐེངས་དང་པོ་”མི་མེད་མཚོར་འཛུལ་ཡོ་བྱད་སྤྱད་དེ་ཨུ་རུ་སུའི་མཚོ་དམག་གི་636.3ཅན་གྱི་“ཧྭ་ཧྲ་བུད་མེད་”རིམ་པའི་(བྱང་ཆིངས་ཀྱིས་ཅི་ལུའོ་རིམ་པར་འབོད་པའི་)མཚོར་འཛུལ་གྲུ་གཟིངས་ཤིག་གཏོར་བས་མཚོར་འཛུལ་གྲུ་གཟིངས་འབར་གས་བྱུང་བ་དང་འབྲེལ་གཏོར་སྐྱོན་ཚབས་ཆེན་བཟོས་ཡོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་ཕྱོགས་ནས་“མཚོར་འཛུལ་བྱིས་པའི་”མི་མེད་མཚོར་འཛུལ་ཡོ་བྱད་སྤྱད་དེ་གྲུ་ཁར་ཡོད་པའི་མཚོར་འཛུལ་གྲུ་གཟིངས་དེ་གཏོར་སྐྱོན་བཏང་ཡོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། ཡུག་རེན་གྱི་“མཚོར་འཛུལ་བྱིས་པའི་”མི་མེད་མཚོ་ངོས་གྲུ་གཟིངས་ཀྱི་སྔོན་གྱི་དམིགས་བསལ་དམག་འཁྲུག་གི་བྱ་སྤྱོད་ལེགས་གྲུབ་བྱུང་བའི་དབང་གིས་636.3ཅན་གྱི་མཚོར་འཛུལ་གྲུ་གཟིངས་དེ་ཤིན་ལུའོ་ཞི་སི་ཁེ་གྲུ་ཁར་མི་སྡོད་ཀ་མེད་བྱུང་ཞེས་འཁོད་ཡོད་པ་རེད།