འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་16ཉིན།

༄༅།།ཨོ་སི་ཁྲུ་ལི་ཡར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལིས་རྒྱལ་ཡོངས་སུ་དར་ཆ་ཕྱེད་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་16ཉིན། 15:04】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཕྱི་རྒྱལ་གྱི་སྨྱན་སྦྱོར་དུ་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སིས་ཚེས་15ཉིན་ཨོ་སི་ཁྲུ་ལི་ཡས་རྒྱལ་ཡོངས་སུ་དར་ཆ་ཕྱེད་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

     ཨོ་སི་ཁྲུ་ལི་ཡའི་རླུང་འཕྲིན་ཀུང་སི་(abc)ཡིས་དེའི་གོང་ལ་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་14ཉིན་ཨོ་སི་ཁྲུ་ལི་ཡའི་པང་ཏི་མཚོ་འགྲམ་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་ཉུང་མཐར་ཡང་མི་16རྐྱེན་ལམ་དུ་ཤོར་བ་རེད། དོན་རྐྱེན་བྱུང་རྗེས་ཨར་པ་ཉི་སིས་རྒྱལ་ཁབ་ཀྱི་བདེ་འཇགས་ཚོགས་འདུ་འཚོགས་པ་དང་འབྲེལ་མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་“རྨེག་མེད་གཏོང་བའི་འཇིགས་སྐུལ་དོན་རྐྱེན་”དུ་གཏན་འཁེལ་བྱས་པ་རེད། ཨོ་སི་ཁྲུ་ལི་ཡའི་ཝེར་ཧྲི་ལྷོ་མ་གསར་པའི་མངའ་སྡེའི་འགོ་འཛིན་གྱིས་ད་ཐེངས་ཀྱི་དོན་རྐྱེན་ནི་ཞི་ཉི་ཡིའུ་ཐའེ་སྡེ་ཁུལ་ལ་དམིགས་པའི་འཇབ་རྒོལ་ཞིག་རེད་བཤད་པ་རེད།