གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 12ཚེས་15ཉིན། 14:59】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཙེ་ལན་སི་ཅི་ཡིས། ཨ་རི་དང་ཡོ་རོབ་ཀྱིས་ཡུག་རེན་བྱང་ཆིངས་ནང་ཞུགས་རྒྱུར་རྒྱབ་སྐྱོར་མི་བྱེད་པས། ཡུག་རེན་གྱིས་འོས་མེད་འགྲིག་ཐབས་བྱས་ཡོད་ཟེར།

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་14ཉིན་ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རི་ཕྱོགས་ཀྱི་“ཞི་བདེའི་འཆར་གཞིའི་”གྲོས་མོལ་བྱེད་སྐབས་ཨ་རི་དང་དེ་བཞིན་ཡོ་རོབ་རྒྱལ་ཁབ་ཁག་གཅིག་གིས་ཡུག་རེན་བྱང་ཆིངས་སུ་ཞུགས་རྒྱུ་དེ་ཁོ་པའི་བདེ་འཇགས་འགན་ལེན་གྱི་ལྟེ་བའི་ནང་དོན་དུ་བརྩི་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་བཤད་པ་རེད།
ཙེ་ལན་སི་ཅི་ཡིས་བྱང་ཆིངས་སུ་ཞུགས་པ་ནི་ཡུག་རེན་ཕྱོགས་ཀྱི་རེ་འདུན་ལྟེ་བ་ཡིན་ལ་བདེ་འཇགས་འགན་ལེན་ཏན་ཏིག་དང་ནུས་ལྡན་ཞིག་ཀྱང་ཡིན་མོད། འོན་ཀྱང་ཨ་རི་དང་ཡོ་རོབ་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་ཐོབ་མེད། ད་ལམ་ཕྱོགས་ཁག་གིས་ཡུག་རེན་ལ་ཚབ་བྱེད་རང་བཞིན་གྱི་ཕྱོགས་གཉིས་ཀྱི་བདེ་འཇགས་འགན་སྲུང་མ་ལག་འཛུགས་བཞིན་ཡོད།
ཙེ་ལན་སི་ཅི་ཡིས། ཕྱོགས་གཉིས་པོའི་བདེ་འཇགས་འགན་ལེན་རྒྱུ་དང་ལེན་བྱེད་པ་ལས་ཐད་ཀར་“ཆིངས་ཡིག་ནང་ཞུགས་པ་”མིན་པ་དེ་ནི་ཡུག་རེན་ཕྱོགས་ཀྱིས་འོས་མེད་འགྲིག་ཐབས་བྱས་པ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ལྟེ་བ་ནི་ལམ་སྲོལ་ནུས་ལྡན་བཙུགས་ནས་ཨུ་རུ་སུས་འབྱུང་འགྱུར་སླར་ཡང་“གདོང་ཐུག་སློང་བ་”བཀག་འགོག་བྱ་རྒྱུ་དེ་ཡིན་ཞེས་རྣམ་འགྱུར་གསལ་པོར་བསྟན་ཡོད་པ་རེད།