འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་15ཉིན།

༄༅།།ཐེ་ཁམ་གཉིས་པོའི་བར་ལ་དམག་འཁྲུག་བྱུང་ནས་མི་ཁྲི་39.5ཙམ་ཡུལ་གྱར་དུ་སོང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་15ཉིན། 14:23】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཚེས་14ཉིན། ཁམ་ཕུ་ཁྲེའི་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ནང་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་གདོང་ཐུག་ཉིན་བརྒྱད་པར་སླེབས་པ་དང་། ཁམ་ཕུ་ཁྲེའི་ཡུལ་གྱར་བ་མི་སེར་མི་གྲངས་ཁྲི་39.5ཙམ་འཕར་འདུག་ཅེས་འཁོད་ཡོད་པ་རེད།

     ཁམ་ཕུ་ཁྲེའི་ནང་སྲིད་པུའུ་ཡིས་གདོང་ཐུག་ལས་ཁམ་ཕུ་ཁྲེའི་མི་394706ཡུལ་གྱར་དུ་སོང་བའི་ནང་། བུད་མེད་204889དང་བྱིས་པ་95949ཚུད་ཡོད་ཅེས་བཤད་པ་རེད།

     ཁམ་ཕུ་ཁྲེའི་རྒྱལ་སྲུང་པུའི་མགྲིན་ཚབ་པ་མ་ལི་ཧྲུའུ་ཅེ་ཏཱ་ཡིས་ཉིན་དེར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་གདོང་ཐུག་ཚེས་14ཉིན་སྔར་བཞིན་རྒྱུན་མཐུད་བཞིན་ཡོད་ཅེས་བཤད་པ་རེད།

    ཟླ་12ཚེས་7ཉིན་ནས་བཟུང་། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་ས་ཁུལ་དུ་སླར་ཡང་གདོང་ཐུག་ཛ་དྲག་བྱུང་། ཕྱོགས་གཉིས་ཀས་ཕ་རོལ་པོས་“སྔོན་ལ་འཁྲུག་རྐྱེན་བསླངས་པའི་”སྐྱོན་འཛུགས་བྱས་པ་རེད།