འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་12ཉིན།

༄༅།།ཀྲ་ཧ་ལུའོ་ཝ་ཡིས་ནན་ཅིང་དམར་གསོད་ཆེ་མོའི་སྐོར་ལ་སྐད་ཆ་བཤད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་12ཉིན། 13:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཀྲ་ཧ་ལུའོ་ཝ་ཡིས་ནན་ཅིན་དམར་གསོད་ཆེན་མོ་ནི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་ཀླ་ཀློ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་སྤྱོད་ཀྱི་མཚོན་རྟགས་ཡིན་ཞེས་བཤད།

     ས་གནས་དེ་གའི་དུས་ཚོད་ཚེས་11ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲ་ཧ་ལུའོ་ཝ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་1937ལོའི་ཟླ་12ཚེས་13ཉིན་ཐོན་པའི་ནན་ཅིང་དམར་གསོད་ཆེ་མོའི་ནང་ནན་ཅིང་གི་མི་སེར་ཁྲི་བཅུ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་འཕྲོག་པ་ནི་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་ཀླ་ཀློ་དང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ནག་ཉེས་ཀྱི་མཚོན་རྟགས་ཤིག་རེད་ཅེས་བཤད་པ་རེད།

     ཀྲ་ཧ་ལུའོ་ཝ་ཡིས། ནན་ཅིང་དམར་གསོད་ཆེ་མོའི་དོན་རྐྱེན་གྱི་ལོ་རྒྱུས་དོན་དངོས་ནི་རྩོད་གླེང་བྱ་མི་དགོས་པ་ཞིག་རེད། རྒྱང་ཤར་རྒྱལ་སྤྱིའི་དམག་དོན་ཁྲིམས་རས་ཁྲིམས་འཛིན་གྱི་རྣམ་པའི་ཐོག་ནས་རྩད་ཆོད་པ་མ་ཟད་དཔྱད་མཚམས་ནང་གཏན་འཁེལ་བྱས་ཡོད་པ་དང་། ཉིའུ་ལུན་པའོ་འདྲི་གཅོད་ཀྱི་དཔྱད་མཚམས་དང་མཉམ་དུ་འཛམ་གླིང་གི་དུས་མཚུངས་རྒྱལ་སྤྱིའི་སྒྲིག་ལམ་དང་དེང་རབས་ཀྱི་རྒྱལ་སྤྱིའི་མ་ལག་ལ་གཡོ་འགུལ་གཏོང་མི་ཐུབ་པའི་རྨང་རྡོ་ཞིག་ཏུ་གྱུར་ཡོད། གོང་གསལ་དཔྱད་མཚམས་ལ་དོགས་པ་བྱེད་པ་དང་། ན་ཚུའེ་རིང་ལུགས་དང་དམག་རྒྱལ་རིང་ལུགས་ལ་དག་འབུད་བྱེད་པ། འཛམ་གླིང་དམག་ཆེན་གཉིས་པའི་འབྲས་བུར་འགྱུར་བ་གཏོང་བ། ནག་ཉེས་ཀྱི་གཞི་ཁྱོན་ཆུང་དུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཚང་མར་རྒྱལ་སྤྱིའི་སྤྱི་ཚོགས་ཚང་མས་མགྲིན་གཅིག་ཏུ་རྒོལ་གཏམ་གཏོང་རྒྱུ་ཡིན་པ་ནན་བཤད་བྱས་ཡོད།