འཚོལ་བཤེར།   
藏文频道
2025ལོའི་ཟླ་12ཚེས་11ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ལ་འབྲེལ་གཏུག་ནན་གྱིས་བྱས་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 12ཚེས་11ཉིན། 14:52】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཟླ་12ཚེས་9ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་མགྲིན་ཚབ་པས་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱ་རྒྱུའི་སྐོར་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

     གསར་འགོད་པས་དྲིས་དོན། ཟླ་12ཚེས་9ཉིན་དབྱིན་ཇི་སྲིད་གཞུང་གིས་ཀྲུང་གོའི་ཀུང་སི་གཉིས་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། གོང་གསལ་ཀུང་སིས་དབྱིན་ཇི་དང་དེའི་མནའ་གྲོགས་ལ་དྲ་རྒྱའི་རྒོལ་རྡུང་བྱས་པ་དང་བྱ་སྤྱོད་དེ་ཀྲུང་གོའི་སྲིད་གཞུང་དང་འབྲེལ་བ་ཡོད་ཅེས་བཤད་ཡོད་པ་རེད། ཁྱེད་ཀྱིས་འདི་ལ་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད།

     གཞུང་ཚབ་ཁང་གི་མགྲིན་ཚབ་པས་བསྟན་དོན། དབྱིན་ཇི་དང་ཨ་རི་གཉིས་ཀྱིས་ངན་འབྲེལ་བྱས་ནས་བསམ་བཞིན་དུ་ཀྲུང་གོར་དམའ་འབེབས་བྱས་པ་དང་འབྲེལ་ཀྲུང་གོའི་དངོས་ཚན་ལ་ཁྲིམས་འགལ་ངང་ཕྱོགས་རྐྱང་གི་བཀག་སྡོམ་བྱས་པ་དེ་ནི་ངོ་བོ་ཧ་ཅང་ངན་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་འབྲེལ་དབྱིན་ཇི་ཕྱོགས་ལ་གཟབ་ནན་གྱི་འབྲེལ་གཏུག་ཀྱང་བྱས་ཡོད།

     ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་དྲ་རྒྱའི་བསམ་ངན་བྱ་སྤྱོད་རྣམ་པ་སྣ་ཚོགས་ལ་རྡུང་རྡེག་གཏོང་གི་ཡོད། དེ་དང་ཆབས་ཅིག་ང་ཚོས་དྲ་རྒྱའི་བདེ་འཇགས་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་དོན་དངོས་ཀྱི་གཞི་འཛིན་ས་མེད་པའི་གནས་ཚུལ་འོག་ཁུངས་མེད་ངང་རྒྱལ་ཁབ་གཞན་ལ་སྐྱོན་འཛུགས་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད།

ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་མེད་པར་བཟོས་ནས་ཀྲུང་གོར་དམའ་འབེབས་དང་ནག་རྡུང་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན།