གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་25ཉིན། 14:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
མི་མང་པོ་ཞིག་ལ་གཉིད་ཡག་པོ་མི་ཁུག་པའི་ཚོར་བ་ཡོད་ངེས། མཚན་མོ་ནམ་དཀྱིལ་ལ་གཉིད་ཡག་པོ་མི་ཁུག་པར་ཨ་ལོག་རྒྱག་དགོས་པ་དང་། ནམས་མ་ལངས་གོང་ནས་གཉིད་སད་པ་ལྟ་བུ་ཡོང་གིན་ཡོད། གལ་ཏེ་ཁྱོད་ལ་ཡང་དེ་དང་འདྲ་བའི་སུན་སྣང་ཡོད་ན། ཉལ་ཁང་ནང་དུ་ཤིང་ཏོག་ཀུ་ཤུ་དང་ཚ་ལུ་མ་འདི་གཉིས་བཞག་ནས་ཚོད་ལྟ་ཞིག་བྱོས་དང་།
01ཤིང་ཏོག་ཚ་ལུ་མའི་རིགས་ཀྱིས་གཉིད་སྔར་ལས་མགྱོགས་པོ་ཁུག་པར་ཕན།

ཤར་ལྷོའི་སློབ་ཆེན་གྱི་ཁོངས་གཏོགས་ཀྲུང་ཏཱ་སྨན་ཁང་གི་ནད་ཐོག་འཚོ་བཅུད་ཚན་ཁག་གི་འཚོ་བཅུད་མཁས་པ་ཞ་ཕེང་པིན་གྱིས། བྲོ་བར་བརྟེན་ནས་སྐྱེ་ཁམས་ཀྱི་ནུས་པ་སྙོམས་སྒྲིག་བྱེད་པ་ནི་་“དྲི་མས་བཅོས་པའི་ཐབས་”སུ་གཏོགས་པ་དང་དེའི་ལོ་རྒྱུས་ཡུན་རིང་ཡོད།
ཤིང་ཏོག་ཚ་ལུ་མ་དང་ཉིང་མེང་། ཡིའུ་ཙི་སོགས་ཚ་ལུ་མ་རིགས་ཀྱི་ཤིང་ཏོག་དང་ལྷག་པར་དུ་ཤིང་ཏོག་གི་ཤུན་པགས་ནང་དུ་དྲི་ཞིམ་"ཀྲོ་ཞི་"འཐུལ་ནུས་འདུས་པས་ཀླད་པར་ངལ་གསོ་ཐེབས་ནས་གཉིད་ཁུག་པར་ཕན།
སྲོལ་རྒྱུན་གསོ་རིག་གི་ངོས་ནས་བལྟས་ན། ཚ་ལུ་མར་རླུང་སྙོམས་དང་། སྐམ་སེལ་བརླན་འཕེལ། ལུད་སེལ་གློ་ཕན་གྱི་ནུས་པ་ཡོད། གཉིད་ཉལ་སྐབས་ཚ་ལུ་མའི་དྲི་ཞིམ་སྣོམ་ན་སེམས་བདེ་ཡོང་བར་ཕན་པས། རྒྱུན་དུ་ཡིད་ཆད་པ་དང་སེམས་འཚམ་སྐབས་སེམས་གསོ་བྱེད་དུཀྱིན་ཡོད།
ཞ་ཕེང་པིན་གྱིས་ཉིང་མེང་ཁྲོད་ཀྱི་ཉིང་མེང་ཞི་“དྲི་ཞིམ་གསོ་ཐབས་”ཞིབ་འཇུག་ཁྲོད་སེམས་འཚབ་ཆུང་དུ་གཏོང་བའི་ནུས་པ་ལྡན་པ་ར་སྤྲོད་བྱུང་ཡོད་པས། རྒྱུན་དུ་དྲི་ཞིམ་སྣུམ་ལེན་དང་བཟོ་བྱེད་དུ་སྤྱོད་ཀྱིན་ཡོད། ཉིང་མེང་གི་བྲོ་བ་དེས་ལུས་ཕུང་ལ་5-ཆའང་མདོག་ཨན་འབྱུང་བར་བྱེད་ཐུབ་པས། སེམས་འཚབ་ཀྱི་སྐུལ་རྒྱུའི་མཁལ་སྟེང་གཤེར་རྨེན་བཅག་སྟེ། སེམས་ཁམས་ལྷིང་འཇགས་ཡོང་བར་ཕན། དགོང་མོ་ཉིང་མེང་གི་དྲི་སྣོམ་ན། མི་རྣམས་ལ་སྣང་བ་སྐྱིད་པོ་དང་ལྷིང་འཇགས་ཀྱི་ཚོར་བ་སྟེར་ཐུབ་པ་དང་། གཉིད་མགྱོགས་པོ་ཁུག་པར་ཕན།
ཆ་རྐྱེན་ཡོད་ན། ཤིང་ཏོག་ཚ་ལུ་མའི་པགས་པ་བླུགས་པའི་སྔས་མགོ་བརྒྱབ་ནས་ཉལ་ན། གཉིད་ཉལ་བ་དང་དུས་མཚུངས་སུ་དྲི་ཞིམ་འཐུལ་བ་རྔུབ་ན་སེམས་ཁམས་ཞི་ལྷོད་ངང་ནས་གཉིད་ཉལ་བར་ཕན་པ་ཡོད།
02དྲི་ཧ་ཅང་ཞིམ་པའི་ཀུ་ཤུས་གཉིད་སྐྱིད་པོ་ཁུག་པར་ཕན།

ཁྱོད་ཀྱིས་ཀུ་ཤུའི་དྲི་མ་ཧ་ཅང་ཞིམ་པོ་སྣོམ་མྱོང་ངམ། ཧའེ་ནན་ཞིང་ཆེན་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས་པ་ལྟར་ན། ཀུ་ཤུ་སྨིན་མ་ལས་རྙོག་འཛིང་ཆེ་བའི་དྲི་ཞིམ་མཉམ་བསྲེས་རྫས་རྒྱུ་ཕྱིར་གཏོང་ཐུབ་པ་དང་། དེའི་ནང་དུ་ཞི་འཇགས་ཀྱི་ནུས་པ་ལྡན་པའི་“ཧྥང་ཀྲང་ཁྲུན་”ཚུད་ཡོད།
ཧྥང་ཀྲང་ཁྲུན་གྱིས་GABAལེན་གཟུགས་(ཚོད་འགོག་རང་བཞིན་གྱི་དབང་རྩའི་བརྒྱུད་རྫས་ཤིག་)གྲུང་སྐུལ་ཐུབ་པས། དབང་རྩ་ཞི་འཇགས་དང་སེམས་འཚབ་ཇེ་ཆུང་དུ་བཏང་སྟེ། དབང་རྩའི་མ་ལག་ལྷོད་འཇགས་སུ་གཏོང་ཐུབ། དབང་རྩའི་མ་ལག་ལྷིང་འཇགས་སུ་གྱུར་རྗེས། མི་རྣམས་སྔར་བས་བདེ་བླག་ངང་གཉིད་དུ་ཁུག་ཐུབ་པ་དང་། གཉིད་སྔར་ལས་སྐྱིད་པོར་ཁུག་ཐུབ།