གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་21ཉིན། 15:57】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

2025ལོའི་ཟླ་11ཚེས་17ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་དུ་ཆགས་པའི་ཁ་བ་དཀར་པོའི་རྩེ་མོར་ཞོགས་པའི་ཉི་ཟེར་འཕྲོས་ནས་གསེར་ཞུན་བྱུགས་པ་ལྟར་གྱི་རྣམ་པ་ནི་པིར་རྩལ་མཁས་པའི་ཕྱག་སོར་ལས་འཁྲུངས་པའི་ཡིད་འོང་ལྟ་ན་སྡུག་པའི་མཛེས་རིས་ལྟར་དུ་སྣང་།