གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་13ཉིན། 14:33】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཟླ་11ཚེས་12ཉིན་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་12དང་ཆུ་ཚོད་45ཐོག་ཐེ་ལན་ཉེན་རྟོག་ཕྱོགས་ཀྱིས་ཧྲེ་ཀྲི་ཅང་པང་ཁོག་སུའུ་ཝན་ན་ཕུའུ་གནམ་ཐང་དུ་བསྐྱལ་བ་དང་འབྲེལ་ཆུ་ཚོད་16དང་ཆུ་ཚོད་20ཐོག་གནམ་གྲུའི་ཐོག་བསྐྱལ་ནས་ཀྲུང་གོར་སྐྱེལ་སྤྲོད་བྱས་པ་རེད།
དེའི་གོང་ལ་ཟླ་11ཚེས་10ཉིན་ཐེ་ལན་ཆེས་མཐོའི་ཞིབ་དཔྱོད་ཁང་གཞུང་ལས་ཁང་གིས། གོང་གཏུག་ཁྲིམས་ཁང་ནས་ཐོག་མའི་འདྲི་གཅོད་ཁྲིམས་ཁང་གི་དཔྱད་མཚམས་རང་འཇགས་བཞག་ནས་རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་པ་ཁམ་ཕུ་ཁྲེའི་རྒྱལ་ཁོངས་གི་ཀྲུང་གོ་བ་ཧྲེ་ཀྲི་ཅང་(མིང་ལ་ཧྲེ་ལུན་ཁའེ་དང་Tang Kriang Kaiཡང་ཟེར་)ཀྲུང་གོར་སྐྱེལ་སྤྲོད་བྱ་རྒྱུ་དང་། ཁོ་པས་ཁྲིམས་དང་འགལ་ཏེ་རྒྱན་ཁང་བཙུགས་པ་སོགས་ཀྲུང་གོའི་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་འདྲི་གཅོད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།