གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 11ཚེས་13ཉིན། 14:31】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་11ཚེས་13ཉིན། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བྱ་དགའ་སྤྲོད་རྒྱུའི་བརྡ་ཁྱབ་བཏང་ནས་ཐའེ་ཝན་གྱི་དྲ་གྲགས་ཝུན་ཙི་ཡུས་(དྲ་མིང་“པ་ཅུང་”)དང་ཁྲེན་པའེ་ཡོན་(དྲ་མིང་“ཧྥུའུ་ཅན་ལྷོ་རྒྱུད་སྤྱང་ཀི་”)ཡི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་བསྡུ་ལེན་བྱས་པ་རེད།
ཟླ་3ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་ཝུན་ཙི་ཡུས་དང་ཁྲིན་པའེ་ཡོན་ནི་“ཐའེ་ཝན་རང་བཙན་”གྱི་ལག་དམག་དང་རམ་འདེགས་པ་ཡིན་པ་ཁྱབ་བསྒྲགས་བྱས། བརྟག་དཔྱད་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། མི་དེ་གཉིས་ཀྱིས་“ཀྲུང་གོར་འགོག་རྒོལ་བྱས་ནས་ཐའེ་ཝན་སྲུང་བྱེད་”དང་“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་”སོགས་རྒྱལ་ཁབ་ཁ་ཕྲལ་གྱི་ངན་སྐུལ་བྱེད་པའི་གཏམ་བརྗོད་ཡུན་རིང་ཁྱབ་བསྒྲགས་དང་ཁྱབ་སྤེལ་བྱས་པ་དང་། ཐའེ་ཝན་ལ་ཕན་པ་དང་དམངས་ཕན་གྱི་སྐམ་ས་ཆེན་མོའི་སྲིད་ཇུས་ལ་ཚུར་རྒོལ་བྱེད་པ་དང་ཉེས་པ་འགེལ་བ། ཐའེ་ཝན་དུ་ཡོད་པའི་སྐམ་ས་ཆེན་མོའི་བཟའ་ཟླར་བརྙས་བཅོས་དང་གནོད་འཚེ་གཏོང་བ། དམངས་གཙོ་གོང་སྤེལ་ཏང་དབང་འཛིན་ལས་ཁུངས་ཀྱི་དྲ་རྒྱའི་དམག་དཔུང་གི་གཞོགས་འདེགས་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཀྲུང་གོར་རྒོལ་བའི་སྟོབས་ཤུགས་ཀྱི་“གདོང་ལེན་”དང་“མདུན་བསྐྱོད་པ་”བྱས་པ་བཅས་ལས་ཤུགས་རྐྱེན་ངན་པ་བཟོས་ཡོད།
སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པ་ཚོས་“ཐའེ་ཝན་རང་བཙན་”ཀྱི་ཉེན་ཁའི་རང་བཞིན་དང་གནོད་འཚེའི་རང་བཞིན་ངོས་འཛིན་གསལ་པོར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་“ཐའེ་ཝན་རང་བཙན་”གྱི་ཁ་བྲལ་སྟོབས་ཤུགས་དང་དབྱེ་མཚམས་གསལ་པོར་ཕྱེ་ནས་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་མཁོ་འདོན་ཧུར་ཐག་བྱས་ཏེ་སྤྱི་བདེ་ལས་ཁུངས་ལ་འབྲེལ་ཡོད་ཉེས་བསགས་ཀྱི་དོགས་ཡོད་མི་སྣ་འཛིན་པར་གཞོགས་འདེགས་བྱས་པའི་བྱས་རྗེས་ལྡན་མིར་གནས་ཚུལ་ལ་གཞིགས་ནས་བྱ་དགའ་མི་དམངས་ཤོག་སྒོར་ཁྲི་5ནས་ཁྲི་25བར་སྤྲོད་རྒྱུ་ཡིན་ཞེས་བཤད་པ་རེད།