འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་13ཉིན།

༄༅།།མི་8ཀྱིས་“ཉེན་རྟོག་པའི་གྱོན་ཆས་”གྱོན་ནས་གཉེན་སྟོན་གྱི་ལམ་བུ་བཤངས་པའི་རྗེས་ཀྱི་གནས་ཚུལ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་13ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་11ཚེས་5ཉིན། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་སྤྱི་བདེ་ཅུས་སའེ་ཧན་ཆུས་ཡན་ལག་ཅུས་ཀྱི་ཆའོ་པའོ་མངགས་གཏོང་ཁང་གིས་ཁྲིམས་དང་འགལ་ཏེ་ཉེན་རྟོག་པའི་གྱོན་ཆས་འདྲ་བཟོ་བྱས་ནས་གྱོན་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།

     ཟླ་11ཚེས་2ཉིན། ཆའོ་པའོ་མངགས་གཏོང་ཁང་དུ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་ནས་སའེ་ཧན་ཆུས་གྱི་སྒོ་ཞིག་གི་གཉེན་སྟོན་ཐོག མི་8ཀྱིས་སྤྱི་བདེ་རྟ་དམག་དང་ཧ་ཅང་འདྲ་བའི་གྱོན་ཆས་གྱོན་ནས་ལམ་བཤངས་ཀྱི་རླངས་འཁོར་རུ་ཁག་བྱས་ཡོད་པ་ཤེས་རྟོགས་བྱུང་བས། ས་གནས་དེ་གའི་མང་ཚོགས་ལ་གོ་ནོར་ཐེབས་འདུག་ཞེས་བཤད་ཡོད་པ་རེད། སྙན་ཞུ་འབྱོར་རྗེས། མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས། བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། གྱོད་དོན་ཐག་གཅོད་ཉེན་རྟོག་པས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཞ་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས།

     བརྟག་དཔྱད་བྱས་པ་བརྒྱུད། ཞ་ཆེ་གེ་མོ་དང་དོགས་ཡོད་མི་སྣ་གཞན་པ་7གྱིས་ནམ་རྒྱུན་གཉེན་སྒྲིག་རླངས་འཁོར་གྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱིན་ཡོད་དང་། མི་དམངས་ཉེན་རྟོག་པའམ་ཉེན་རྟོག་པའི་རམ་འདེགས་མི་སྣ་དངོས་མ་ཡིན་པ་རེད། གཉེན་སྟོན་ལ་ཕན་རོགས་བྱེད་ཆེད། ལྐོག་ཏུ་དྲ་ཐོག་ནས་ཉེན་རྟོག་པའི་གྱོན་ཆས་འདྲ་བཟོ་བྱས་ཡོད་པ་རེད། བྱ་སྤྱོད་དེ་《མི་དམངས་ཉེན་རྟོག་པའི་གྱོན་ཆས་དང་དེའི་མཚོན་རྟགས་དོ་དམ་སྐོར་གྱི་གཏན་འབེབས་》ཀྱི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་དང་འགལ་ནས་ཉེན་རྟོག་པའི་གྱོན་ཆས་འདྲ་བཟོ་དང་གྱོན་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དུ་གྲུབ་ཡོད།

     ཞ་ཆེ་གེ་མོ་ཡིས་རང་གི་ཁྲིམས་འགལ་བྱ་སྤྱོད་དངོས་སུ་ཁས་བླངས་པ་དང་། ཆའོ་པའོ་མངགས་གཏོང་ཁང་གིས་ཞ་ཆེ་གེ་མོར་ཁྲིམས་ལྟར་དངུལ་ཆད་སྒོར་1000བཅད་པ་མ་ཟད། འདྲ་བཟོ་བྱས་པའི་ཉེན་རྟོག་པའི་གྱོན་ཆས་ཆ་ཚང་གཉིས་ཁྲིམས་ལྟར་བཙན་ཉར་བྱས་པ་རེད། ད་ལམ་གྱོད་གཞི་དེ་མྱུལ་ཞིབ་སྔར་ལྷག་བྱེད་བཞིན་ཡོད།

     དེ་དང་ཆབས་ཅིག་ཞ་ཆེ་གེ་མོ་སོགས་མི་8ཀྱིས་སྦག་སྦག་བཏང་ནས་ཁྲིམས་དང་འགལ་ཏེ་མྱུར་བགྲོད་ཟམ་པར་བསྐྱོད་པའི་བྱ་སྤྱོད་ལ་དམིགས་ནས། འགྲིམ་འགྲུལ་དོ་དམ་རུ་ཁག་གི་མྱུར་བགྲོད་ལམ་བུའི་རུ་ཁག་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སོ་སོར་སྐར་མ་1ཐོ་འགོད་དང་དངུལ་ཆད་སྒོར་150བཏང་བ་རེད།

     ཉེན་རྟོག་ཕྱོགས་ཀྱི་དྲན་སྐུལ་བྱས་དོན་དུ། མི་དམངས་ཉེན་རྟོག་པའི་སྒྲིག་སྲོལ་གྱོན་ཆས་དང་མཚོན་རྟགས་ནི་མི་དམངས་ཉེན་རྟོག་པའི་ཆེད་སྤྱོད་ཡིན་པས། སྒེར་པ་དང་རྩ་འཛུགས་གཞན་དག་གིས་བདག་གིར་བྱེད་པ་དང་བེད་སྤྱོད་བྱེད་རིགས་བྱས་མི་ཆོག མི་དམངས་ཉེན་རྟོག་པའི་ལམ་ལུགས་ཀྱི་གྱོན་ཆས་དང་དེའི་མཚོན་རྟགས་འདྲ་བཟོ་དང་། གྱོན་པའི་བྱེད་སྤྱོད་གང་ཞིག་ཡིན་རུང་ཚང་མ་ཁྲིམས་འགལ་ཡིན། རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུས་ནས་མི་དམངས་ཉེན་རྟོག་པའི་སྒྲིག་སྲོལ་ལྡན་པའི་གྱོན་ཆས་ཀྱི་གཟབ་ནན་རང་བཞིན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་རོགས།