འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་12ཉིན།

༄༅།།གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་བདེ་སྐྱིད་ཐོན་ལས་སུ་འགྱུར་བར་བྱེད་དགོས།

ཧོ་ཅོན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་12ཉིན། 15:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཀོང་ཏུང་མེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིང་ཏོག་ཡིའུ་ཙི་ར་བར་ཕེབས་ནས། “གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྨང་གཞི་རེད”ཅེས་གསུངས་པ་མ་ཟད། ད་དུང“ཞིང་པ་མང་ཚོགས་དེ་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྐུལ་ཁྲིད་བྱེད་དགོས”ཞེས་བླང་བྱ་ཡང་བཏོན་གནང་བ་རེད།

     ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ཀོང་ཤིས་ལའེ་པིན་གྱི་བུར་ཤིང་ཚལ་དུ་ཕེབས་སྐབས། “ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་དེ་བས་བརྟན་པོ་འཚོལ་ཞིབ་བྱས་ནས་འཛུགས་དགོས”ཞེས་ནན་བཤད་གནང་བ་དང་། ཀན་སུའུ་ཐེན་ཧྲུའེ་རུ་ཕེབས་ནས་ནན་ཧྲན་ཧྭ་ཉིའུ་ཀུ་ཤུ་རྟེན་གཞིར་རྟོག་ཞིབ་གནང་སྐབས། “ཀུ་ཤུའི་སྣ་ཁ་སྲུང་སྐྱོང་དང་སྐྱེད་སྲིང་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས་པའི”བླང་བྱ་བཏོན་གནང་བ་སོགས་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཐུགས་ཁུར་ཆེན་པོ་གནང་ནས། ཡུལ་ཕྱོགས་གཅིག་གི་ཐོན་ལས་དར་རྒྱས་བཏང་སྟེ་ཡུལ་ཕྱོགས་དེ་གའི་མི་སེར་ཕྱུག་པོ་ཡོང་བའི་ཐུགས་རེ་ཟབ་མོ་གནང་བ་རེད།

     གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་འགག་རྩ་ནི་ཚན་རྩལ་ལ་བརྟེན་དགོས། མེ་ཀྲོའུ་གྲོང་ཁྱེར་ནན་ཧྥུའུ་གྲོང་ཚོའི“ཤིང་ཏོག་ཡིའུ་ཙི”དམངས་ཕྱུག་ཐོན་ལས་སུ་ཇི་ལྟར་འགྱུར་བར་བྱེད་དགོས་ཞེ་ན། གྲངས་འཛིན་ལས་སྟེགས་བརྒྱུད་ས་རྒྱུ་དང་བཞའ་ཚན་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་ཆབས་ཅིག ཤིང་ཏོག་ཅིན་ཡིའུ་འདེབས་འཛུགས་ལ་རིག་ལྡན་གཡོག་བྱེད་བྱེད་པ་དང་། དེང་རབས་སྐྱེ་དངོས་ལག་རྩལ་ལ་བརྟེན་ནས་ཁྱད་ལྡན་མཆེད་སྐྱེད་ཐོན་རྫས་གསར་སྤེལ་བྱས་ཏེ། ཤིང་ཏོག་ཡིའུ་ཙིའི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་དགོས།

     ས་ཁོངས་དབར་གྱི་ཧེ་བག་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་གཏོང་བར་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དངོས་སྒྲུབ་ཀྱི་བྱེད་ཐབས་ཁག་གཅིག་བཀོད་སྒྲིག་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། ཞིང་ལས་འདི་ཉིད་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འཛུགས་སྐྲུན་བྱས་ཚེ། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཤིང་ཏོག་ཅིན་ཡིའུ་ལྟར་ཞིམ་མངར་ལྡན་ངེས་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤུས་ཚད་ཀྱང་ཇེ་ལེགས་སུ་འགྲོ་ངེས་ཡིན།