འཚོལ་བཤེར།   
藏文频道
2025ལོའི་ཟླ་11ཚེས་11ཉིན།

༄༅།།སློབ་གསོ་པུའུ་ཡིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཚོའི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་བཀོད་སྒྲིག་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 11ཚེས་11ཉིན། 14:29】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར་སློབ་གསོ་པུའུ་ཡིས་《སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཚོའི་སློབ་གསོ་སློབ་འཁྲིད་མིན་པའི་ཁུར་པོ་ཇེ་ཡང་དུ་གཏོང་ཐབས་འགའ་ཤས་སྐོར་གྱི་བརྡ་ཐོ་》(གཤམ་གསལ་《བརྡ་ཐོ》ཞེས་པར་བསྡུས་ཡོད་) པར་འགྲེམས་བྱས་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཚོའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གོ་རིམ་ལྡན་པར་བྱས་ཡོད།

     《བརྡ་ཐོའི་ 》ནང་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས་འགག་རྩའི་ལྷུ་ཚིགས་དང་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས། ཡིག་ཆ་འགྲེམས་སྤེལ་ཞིབ་བཤེར་དོ་ནན་དང་། ཞིབ་ཐོ་དོ་དམ་ལྟ་སྐུལ་ཞིབ་བཤེར། སྤྱི་ཚོགས་ཀྱི་ལས་དོན་སློབ་གྲྭའི་ནང་ཞུགས་པའི་“མིང་ཐོ་དཀར་པོའི་”ལམ་ལུགས་ལེགས་སྒྱུར། དགེ་རྒན་གཡར་གཏོང་གཡར་སྤྱོད་ཚོད་འཛིན་ནན་པོ། གཞི་གྲངས་ཐོ་འགོད་སྟབས་བདེ་རུ་གཏོང་བ། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་འགན་སྲུང་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་ཞིབ་དཔྱད་འཐུས་ཚང་དུ་གཏོང་བ། སྡེ་ཚན་གྱི་ལས་དོན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་བྱེད་ཐབས་བརྒྱད་བཏོན་ཏེ། ས་གནས་ཁག་གིས་དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཁ་གསལ་འདོན་སྤྲོད་བྱས་ཏེ། དགེ་རྒན་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཡུན་རིང་ཕན་ནུས་ལྡན་པར་ཡོང་བའི་སྐུལ་འདེད་གཏོང་དགོས།

     《བརྡ་ཐོའི་》ནང་མ་ལག་བཅོས་སྐྱོང་དང་། རྩ་ལག་མཉམ་བཅོས། དོ་དམ་གནད་འཁེལ་བཅས་མངོན་གསལ་དོད་དུ་བཏང་ནས་དགེ་རྒན་གྱི་ཁུར་པོ་ལྕི་དྲགས་པའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དང་གཏིང་ཟབ་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད། ཚད་འབེབས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “མིང་ཐོ་དཀར་པོའི་”དོན་ཚན་གྱི་སྤྱི་འབོར་དང་སློབ་གྲྭར་ཞུགས་པའི་བྱེད་སྒོ་སྤེལ་ཚད་སོགས་ཞིབ་ཕྲའི་དམིགས་ཚད་ཁ་གསལ་བཟོས་ནས་སྲིད་ཇུས་ཀྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་གཏོང་དགོས། མ་ལག་ལྡན་པའི་ཐབས་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཀ་མ་བྱས་གོང་གི་འགག་སྒོ་དམ་འཛིན་དང་། ལས་ཀ་བྱེད་རིམ་དུ་དོ་དམ་ཚད་ལྡན་བྱས་ནས་ལས་ཀ་བྱས་རྗེས་ཀྱི་ལྟ་ཞིབ་ཚད་ལེན་དང་འགན་འཁྲི་བདའ་འདེད་བྱས་ཏེ། སྦྲེལ་ཐག་ཧྲིལ་པོའི་བཅོས་སྐྱོང་ལམ་སྲོལ་འཛུགས་དགོས། མཐུན་སྦྱོར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་སློབ་གསོའི་ལྟ་སྐུལ་དང་། དྲ་རྒྱའི་སྐོར་ཞིབ། ཐེར་འདོན་བདག་སྤྲོད། ལྟ་སྐུལ་པའི་དཔུང་སྡེ། ཕྱོགས་གསུམ་པའི་ལྟ་ཞིབ་སོགས་ཕྱོགས་མང་ལྟ་སྐུལ་མ་ལག་བཙུགས་ཏེ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་། དྲ་རྒྱའི་འཕྲིན་སྐྱེལ། སྤྱི་བདེ་སོགས་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་ནུས་ཤུགས་གཅིག་ཏུ་བསྒྲིལ་དགོས།