གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་29ཉིན། 13:41】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་2025ལོའི་ཟླ་དང་པོ་ནས་ཟླ་9པའི་བར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།
2025ལོའི་ཟླ་དང་པོ་ནས་ཟླ་9པའི་བར། རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཡིག་སྐུར་ཞུ་གཏུག་དང་ཐེར་འདོན་ཐེངས་གྲངས་ཁྲི་314.4བསྡུ་ལེན་བྱས་པའི་ནང་། ཐེར་འདོན་དང་ཞུ་གཏུག་རིགས་ཀྱི་ཡིག་སྐུར་ཞུ་གཏུག་དང་ཐེར་འདོན་ཐེངས་གྲངས་ཁྲི་99.6བསྡུ་ལེན་བྱས་པ་རེད། གནད་དོན་ཐག་གཅོད་བྱེད་པའི་ཁུངས་སྣེ་ཁྲི་197.6ཟིན་ཡོད། གྱོད་གཞི་ཁྲི་78.9ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་90དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་3704 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་3.1 ཞང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་10.6ཐོ་འགོད་བྱས། ད་ལྟའི་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་མི་ཁྲི་7.2ཐོ་འགོད་བྱས་ཡོད། མི་ཁྲི་67.7ལ་ཆད་པ་བཅད་པའི་ནང་ཏང་གི་སྒྲིག་ཁྲིམས་ཆད་པ་ཕོག་པ་ཁྲི་502དང་། སྲིད་དོན་ཆད་པ་ཕོག་པ་ཁྲི་22དང་། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་41དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2953 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2.4 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་8.4 ལས་བྱེད་པ་དཀྱུས་མ་ཁྲི་9 གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་47.6བཅས་ལ་ཆད་པ་བཅད་པ་རེད།
2025ལོའི་ཟླ་དང་པོ་ནས་ཟླ་9པའི་བར། རྒྱལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་“རྣམ་པ་བཞི་”ལ་བརྟེན་ནས་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་མི་ཐེངས་གྲངས་ཁྲི་137.6ཟིན་ཡོད། དེའི་ནང་རྣམ་པ་དང་པོར་བརྟེན་ནས་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་མི་ཐེངས་གྲངས་ཁྲི་68.8དང་། དེས་མི་ཐེངས་གྲངས་བསྡོམས་འབོར་གྱི་50%ཟིན་པ་དང་། རྣམ་པ་གཉིས་པར་བརྟེན་ནས་མི་ཐེངས་གྲངས་ཁྲི་55.6ཐག་གཅོད་བྱས་པ་དེས་40.4%ཟིན་པ། རྣམ་པ་གསུམ་པར་བརྟེན་ནས་མི་ཐེངས་གྲངས་ཁྲི་6.6ཐག་གཅོད་བྱས་པ་དེས་4.8%ཟིན་པ། རྣམ་པ་བཞི་པར་བརྟེན་ནས་མི་ཐེངས་གྲངས་ཁྲི་6.6ཐག་གཅོད་བྱས་པ་དེས་4.8%ཟིན་ཡོད།
ལྐོག་རྔན་བླངས་པ་དང་ལྐོག་རྔན་སྤྲད་པ་གཉིས་ཀ་ཞིབ་བཤེར་མཐའ་འཁྱོངས་བྱས་ཏེ། ལྐོག་རྔན་སྤྲོད་མཁན་ཁྲི་2.5གྱོད་དོན་ཐོ་འགོད་བྱས་པ་དང་། མི་3127ཞིབ་དཔྱོད་ལས་ཁུངས་ལ་བརྒྱུད་སྤྲོད་བྱས་པ་རེད།