འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་29ཉིན།

༄༅།།ཕྱི་འབྲེལ་པུའུ་ནས་ཧྥི་ལི་ཕིན་ཕྱོགས་ཀྱིས་མཚོ་ཐོག་ཏུ་རྐང་བཙུགས་ནས་བཙན་གནོད་དང་འཁྲུག་ཟིང་
སློང་བ་ནི་གནས་བབ་ཛ་དྲག་ཏུ་འགྲོ་རྐྱེན་གྱི་རྩ་བ་རེད་ཅེས་གསུངས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:38】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཟླ་10ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཧྥི་ལི་ཕིན་གྱི་ཙུང་ཐུང་མ་ཁུ་སིས་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབུ་ཚོགས་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཨ་རིའི་དབུ་ཚོགས་ཐོག་ལྷོ་རྒྱ་མཚོའི་འབྲེལ་ཡོད་གཏམ་བརྗོད་ལ་དམིགས་ནས། མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་ལྷོ་རྒྱ་མཚོ་ནི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས། ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ལ་ང་ཚོས་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས། ཧྥི་ལི་ཕིན་ཕྱོགས་ཀྱིས་མཚོ་ཐོག་ཏུ་རྐང་བཙུགས་ནས་དབང་ཆར་བཙན་གནོད་དང་འཁྲུག་ཟིང་སློང་བ་ནི་གནས་བབ་ཛ་དྲག་ཏུ་འགྲོ་རྐྱེན་གྱི་རྩ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་ཁེ་དབང་མུ་མཐུད་ཁྲིམས་ལྟར་སྲུང་སྐྱོང་བརྟན་པོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། དེ་དང་ཆབས་ཅིག་ཧྥི་ལི་ཕིན་ཕྱོགས་དང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་རྒྱ་མཚོ་དང་འབྲེལ་བ་ཡོད་པའི་མི་མཐུན་པའི་ཆ་ཐག་གཅོད་འཚམ་པོར་བྱེད་འདོད་ཡོད་པ་མ་ཟད། ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དང་མཉམ་དུ་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། “ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞིའི་”གྲོས་མོལ་ལ་སྐུལ་འདེད་བཏང་སྟེ་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡོད། འབྲེལ་ཡོད་རྒྱལ་ཁབ་ཀྱིས་《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ་》གཏན་འབེབས་བརྩི་སྲུང་ཏན་ཏིག་བྱས་ཏེ། དབང་ཆར་བཙན་གནོད་དང་འཁྲུག་ཟིང་སློང་བ་དང་ཛ་དྲག་གི་གནས་བབ་འུད་སྒྲོག་བྱེད་མཚམས་འཇོག་དགོས།