འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

༄༅།།ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:32】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཟླ་10ཚེས་26ཉིན་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་རེད། བརྡ་ཁྱབ་ཐོག་ནས་མངོན་པར། འདི་ལོའི་ཟླ་9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་28640ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་36870(ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ་103དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་1718ཚུད་ཡོད་)ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། མི་26493ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

     བརྡ་ཁྱབ་ལྟར་ན། འདི་ལོའི་ཟླ་9པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁྱོན་13242ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་17541ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད། དེའི་ནང་“འགན་འཁྲི་བསྒྲུབས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་འཁུར་མི་འཁུར་བ་དང་། བྱ་བ་མ་བསྒྲུབས་པ། བྱ་བ་གང་བྱུང་དུ་བསྒྲུབས་པ། བྱ་སྤྱོད་རྫུན་མ་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་”བཅས་ཀྱི་ཐད་གནད་དོན་ཞིབ་བཤེར་ཐག་གཅོད་མང་ཤོས་བྱས་ཡོད་དེ། གྱོད་གཞི་10984ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་14649ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད།

     བརྡ་ཁྱབ་ལྟར་ན། འདི་ལོའི་ཟླ་9པར་རྒྱལ་ཡོངས་སུ་ལོངས་སྐྱོད་རིང་ལུགས་དང་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་སྐོར་གྱི་གནད་དོན་ཁྱོན་15398ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་19329ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་རེད། དེའི་ནང་སྒྲིག་འགལ་ཐོག་ནས་དམིགས་བསལ་ཐོན་རྫས་རྩ་ཆེན་དང་ལག་རྟགས་སྤྲད་པ་དང་དངུལ་སྒྲིལ་ལག་རྟགས་སྤྲོད་ལེན་བྱས་པའི་གནད་དོན་8478དང་། སྒྲིག་འགལ་ཐོག་ནས་ཁ་གསབ་དང་ཕན་བདེ་སྤྲད་པའི་གནད་དོན་1790 སྒྲིག་སྲོལ་ལས་འགལ་བའི་ཟ་འཐུང་གི་གནད་དོན་3523བཅས་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།