འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

༄༅།།ཀྲུང་གོའི་ཁེ་ལས་11དབྱིན་ཇིས་བཀག་སྡོམ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ལན་བཏབ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་དབྱིན་ཇིས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བཏབ་པ།

     དྲི་བ། ཟླ་10ཚེས་15ཉིན་དབྱིན་ཇིའི་ཕྱི་འབྲེལ་པུས་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་བཀག་སྡོམ་རེས་སྐོར་གསར་པ་ཁྱབ་བསྒྲགས་བྱས་པ་དེའི་ནང་བཀག་སྡོམ་བྱས་པའི་ཀྲུང་གོའི་ཁེ་ལས་11ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ།

     དྲིས་ལན། དབྱིན་ཇི་ཕྱོགས་ཀྱིས་ཨུ་རུ་སུ་དང་འབྲེལ་བ་ཡོད་པ་རྒྱུ་མཚན་དུ་བཟུང་ནས་ཀྲུང་གོའི་ཁེ་ལས་11ལ་རེའུ་མིག་བཀོད་པའི་བྱེད་ཐབས་སྤྱོད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་དམག་དམངས་གཉིས་སྤྱོད་དངོས་རྫས་ཕྱིར་གཏོང་བྱེད་པར་དོ་དམ་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད་པས། ཀྲུང་གོ་དང་ཨུ་རུ་སུའི་ཁེ་ལས་ཀྱི་རྒྱུན་ལྡན་འགྲོ་འོང་མཉམ་ལས་ལ་འགོག་རྐྱེན་དང་ཤུགས་རྐྱེན་ཐེབས་མི་རུང་བ་རེད། དབྱིན་ཇི་ཕྱོགས་ཀྱི་བྱེད་སྟངས་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབང་ཆ་སྤྲད་པའི་ཕྱོགས་རྐྱང་པའི་བཀག་སྡོམ་མེད་པ་ཞིག་རེད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་བྱེད་པ་དང་ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བའི་འཕེལ་ཕྱོགས་ལ་སྣང་མེད་དུ་བཞག་ནས། ཀྲུང་གོའི་ཁེ་ལས་མིང་ཐོའི་ནང་བཀོད་པས་ཀྲུང་དབྱིན་དཔལ་འབྱོར་ཚོང་དོན་འབྲེལ་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཁྱོན་ཡོངས་སྲུང་སྐྱོང་བྱེད་པ་ནས་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས། འབྲེལ་ཡོད་ཀྲུང་གོའི་དངོས་ཚན་ལ་བཀག་སྡོམ་མེད་པ་བཟོ་དགོས་པའི་སྐུལ་མ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།