འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

“གསར་གཉིས”སྲིད་ཇུས་ལས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་མངོན་པ།

༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁེ་ལས་ཀྱི་སྒྲིག་ཆས་གསར་སྒྱུར་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་བ་དང་བསྟུན་ནས་རྒྱལ་ཡོངས་ཁེ་ལས་ཀྱི་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་མགྱོགས་པོ་བཏང་བས། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

     གནས་ཐང་འཕར་ཁྲལ་གྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་བཟོ་ལས་ཁེ་ལས་ཀྱིས་འཕྲུལ་ཆས་སྒྲིག་ཆས་རིགས་ཉོ་སྒྲུབ་བྱས་པའི་དངུལ་འབོར་དུས་མཚུངས་ལས་9.4%འཕར་བ་དང་། འཁྱགས་སྒམ་སོགས་རྒྱུན་སྤྱོད་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་ལས་རིགས་དང་བརྙན་འཕྲིན་སོགས་ཁྱིམ་སྤྱོད་ལྟ་ཉན་སྒྲིག་ཆས་སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་48.3%དང་26.8%སོ་སོར་འཕར་བ། ཁྱིམ་ཆས་དང་གློག་སྒྲོན་ཡོ་ཆས་སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་33.2%དང་17.2%སོ་སོར་འཕར་ཡོད་པ་རེད།