འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

༄༅།།“སྒྱུ་རྩལ་དགའ་ཚལ་གྱི་ཤེས་ལྡན་མེ་ཏོག་—2025ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་སྒྱུ་རྩལ་ཤེས་ལྡན་པའི་འཁྲབ་སྟོན”འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:20】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར། གཞི་ཁྱོན་ཆེ་བའི་ཕུལ་བྱུང་རིག་རྩལ་ཤེས་ལྡན་པའི་དཔུང་ཁག་སྐྱེད་སྲིང་ཧུར་ཐག་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་གཞོགས་འདེགས་བཅས་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་རིག་གནས་ཅུས་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྒྱལ་ནང་འབྲེལ་གཏུག་པུའུ་དང་འབྲེལ་ཡོད་རྒྱལ་ཡོངས་ཀྱི་རིག་རྩལ་མཁས་ཅན་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“སྒྱུ་རྩལ་དགའ་ཚལ་གྱི་ཤེས་ལྡན་མེ་ཏོག་—2025ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ན་གཞོན་སྒྱུ་རྩལ་ཤེས་ལྡན་པའི་འཁྲབ་སྟོན”ཚེས་25ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།

     འཁྲབ་སྟོན་གྱི་དམིགས་ཡུལ་ནི་སྒྱུ་རྩལ་གྱི་ཕུགས་འདུན་ཡོད་པའི་ན་གཞོན་ཤེས་ལྡན་པ་གཟེངས་སུ་ཐོན་པ་དག་ལ་ཚད་གཞི་མཐོ་བ་དང་། ཆེད་ལས་ཅན། ལམ་སྲོལ་རང་བཞིན་བཅས་ཀྱི་འགྲེམས་སྟེགས་བསྐྲུན་ཏེ། རྒྱལ་ཡོངས་ནས་མཉམ་འགུལ་དང་། རིམ་པ་བཞིན་འདེམས་སྒྲུག སྒྱུ་རྩལ་མཁས་ཅན་གྱི་སློབ་ཁྲིད། བརྩམས་ཆོས་ལེགས་གཉེར། མཉམ་སྡེབ་འཁྲབ་སྟོན་བཅས་བརྒྱུད་སྤྱོད་རྩལ་གཉིས་ལྡན་གྱི་གཞོན་ནུ་སྒྱུ་རྩལ་མཁས་ཅན་ཁག་གཅིག་སྐྱེད་སྲིང་བྱེད་པ་དང་། རྒྱ་ཆེའི་ན་གཞོན་རིག་རྩལ་ལས་དོན་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་དེ་བས་ལེགས་པ་འཁུར་བར་ལྕག་སྐུལ་དང་སྐུལ་སློང་བྱ་ཆེད་རེད།