འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་28ཉིན།

༄༅།།ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པར་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་ལ་མྱ་ངན་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་28ཉིན། 14:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་གྱི་རྒྱལ་ཡུམ་ཧྲི་ལི་ཅི་སྐུ་གཤེགས་པར་ཐེ་ལན་གྱི་རྒྱལ་པོ་ཝ་ཅི་ལཱ་ལུང་ཀུང་ལ་མྱ་ངན་གློག་འཕྲིན་བཏང་བ་རེད། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་མྱ་ངན་ཟབ་མོ་ཞུས་པ་མ་ཟད། ཐེ་ལན་གྱི་རྒྱལ་པོ་ཚང་དང་། སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲིའང་གནང་བ་རེད།

     ཞི་ཅིན་ཕིང་གིས་རྒྱལ་ཡུམ་ཧྲི་ལི་ཅིར་ཐེ་ལན་གྱི་རྒྱལ་པོ་ཚང་དང་མི་དམངས་ཀྱི་སེམས་སུ་སྙན་གྲགས་ཆེན་པོ་ལྡན་ཡོད། ཁོང་གིས་ཀྲུང་གོ་དང་ཐེ་ལན་གྱི་མཛའ་གྲོགས་བྱ་གཞག་ལ་ཐུགས་ཁུར་གནང་ནས་དེ་སྔ་རྒྱལ་པོ་ཕུའུ་སྨི་ཕུང་གི་ཚབ་ཞུས་ཏེ་ཀྲུང་གོར་འཚམས་འདྲིར་ཕེབས་མྱོང་བ་དང་། “ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དམིགས་བསལ་མཛའ་བཤེས་དར་སྤེལ་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ང་ཚོས་ནམ་ཡང་ཁོང་ལ་རྗེས་དྲན་ཞུ་ཡི་ཡིན་ཞེས་གསུངས་པ་རེད།