འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་27ཉིན།

༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་ཞིག་གིས་མི་འདི་དག་ལ་ཁང་འཁོར་སྤྲད་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་27ཉིན། 14:45】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས“དམངས་ལ་བྱ་བ་དངོས་སྒྲུབ་པའི་”འབྲོག་པར་ཁང་འཁོར་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། འབྲོག་པ་རུ་སྤོ་བའི་དགོས་མཁོ་དང་འཚམ་ལ་དེང་རབས་ཅན་གྱི་སྒྲིག་ཆས་ལྡན་པའི་ཁང་འཁོར་20ཉི་མ་རྫོང་དང་སྙན་རོང་རྫོང་གི་འབྲོག་པར་དངོས་སུ་སྤྲད་དེ། ས་བབ་མཐོ་བའི་ས་ཁུལ་གྱི་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

     ད་ཐེངས་ཀྱི་ཁང་འཁོར་སྤྲོད་པའི་རྣམ་གྲངས་ནི་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་རེད། ཁང་འཁོར་ལ་ཉི་གློག་གློག་འདོན་མ་ལག་དང་འཁྱགས་སྒམ་སོགས་ཀྱི་སྒྲིག་ཆས་ཡོད་སྟབས། འབྲོག་པ་རྣམས་ཀྱི་མཚེར་སའི་ཆ་རྐྱེན་དང་རྨང་གཞིའི་སྒྲིག་བཀོད་ཞན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་མ་ཟད། སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་དང་འཚམ་པོ་ཡོད་པས། བདེ་སྡོད་དང་ལས་བརྩོན་དངོས་སུ་ཟུང་འབྲེལ་ཐུབ་ཡོད།