འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་27ཉིན།

༄༅།།ཁ་ལ་ཉོན། གངས་རིན་པོ་ཆེར་འགྲོ་རྒྱུ་ལས་སླ་པོ་མ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་27ཉིན། 14:26】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། དུས་ཡུན་སྐར་མ་90ཙམ་གྱི་བརྙན་ལམ་དུམ་བུ་ཞིག་གི་གླེང་གཞི་ཆེ་ཤོས་ཤིག་ཐོན་ནས། དྲ་གྲོགས་ཚོས་དོ་ཁུར་ཆེན་པོ་བྱས་པ་རེད། བརྙན་ལམ་ཁྲོད་ཟིན་ཐོ་འགོད་མཁན་ཞིག་ལ་གངས་རིན་པོ་ཆེ་“བྱ་རྡོ་ལམ་འཕྲད་” བཞིན་དུ་འཇལ་བར་དྲ་གྲོགས་མང་པོ་ཞིག་སེམས་འགུལ་ཐེབས་ནས། མི་མང་པོ་ཞིག་གིས་དཔྱད་གཏམ་ཁུལ་དུ་གང་བསམས་གླེང་ནས། བརྙན་ལམ་མཐོང་བ་དང་། འཕྲལ་མར་འགྲོ་འདོད་འདུག་ཟེར།

     བྲེལ་བ་མ་བྱེད་དང་། ཡིད་འོང་གི་མཛེས་ལྗོངས་དང་མི་སེམས་འགུལ་བྱེད་ཀྱི་རྣམ་པའི་དབང་གིས། སྐུ་ཉིད་བསྐྱོད་སྤྲོ་བའི་ཀུན་སློང་ལ་བསམ་ཤེས་ལོས་ཀྱང་ཐུབ་མོད། འོན་ཏེ་གངས་རིན་པོ་ཆེ་མཇལ་བར་འགྲོ་རྒྱུ་ལས་སླ་པོ་མ་རེད།

    གངས་རིན་པོ་ཆེར་མཚོ་འཕགས་སྨི་4500ལྷག་ཙམ་ཡོད་པ་དང་། གནས་མཇལ་གྱི་ལམ་ཁ་སྒྲོལ་མ་ལ་ཉག་ཏུ་མཚོ་འཕགས་སྨི་5600ལྷག་ཙམ་ཡོད།

    འདིར་གསོ་རླུང་དཀོན་པོ་ཡོད་ལ། གནམ་གཤིས་འགྱུར་བ་ཆེ་དང་། ས་བབ་མཐོ་བས་གློ་བུར་དུ་གློ་བར་ཆུ་བསགས་དང་ཀླད་པར་ཆུ་བསགས་སོགས་སྲོག་ཉེན་ལ་ཐུག་པའི་ནད་འབྱུང་བའི་ཉེན་ཁ་ཆེན་པོ་ཡོང་སྲིད།

    བོད་ལྗོངས་མངའ་རིས་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་བསྡོམས་རྩིས་ལ་གཞིགས་ན། 2019ལོ་ནས་བཟུང་། གངས་རིན་པོ་ཆེའི་མཛེས་ལྗོངས་ཁུལ་དུ་ལོ་རེར་རོགས་སྐྱོབ་ཐེངས་150ལྷག་ཙམ་བྱས་ཡོད་པ་དང་། ཡུལ་སྐོར་བ་མི་ཐེངས་གྲངས་580ལྷག་ཙམ་རོགས་སྐྱོབ་བྱས་ཡོད་པ་མ་ཟད། འབྲེལ་ཡོད་གཞི་གྲངས་ལོ་རེ་བཞིན་འཕར་བའི་རྣམ་པའང་མངོན་ཡོད།

    གཞན་ཡང་། ལྷག་པར་དོ་སྣང་བྱེད་དགོས་པ་ཞིག་ནི། གངས་རིན་པོ་ཆེ་ནི་མཐའ་མཚམས་ཀྱི་དོ་དམ་ཁུལ་དུ་གཏོགས།

     བསྐྱོད་རྩིས་ཡོད་པའི་ཡུལ་སྐོར་བས་ངེས་པར་དུ་སྔོན་ལ་ཐེམ་ཐོ་གནས་ཡུལ་ལམ་ཡང་ན་དམིགས་འཛུགས་ལག་ཁྱེར་གྱི་འགྲོ་ལུགས་འགྲིམས་སར་ཁྲིམས་ལྟར་《མཐའ་མཚམས་དོ་དམ་ཁུལ་གྱི་ལམ་ཡིག་》རིན་མེད་དུ་ལེན་དགོས། ཁྲིམས་མཐུན་དང་སྒྲིག་སྲོལ་དང་མཐུན་པར་སྐྱོད་དགོས།