འཚོལ་བཤེར།   
藏文频道
2025ལོའི་ཟླ་10ཚེས་24ཉིན།

༄༅།།དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་མི་ཐེངས་དུང་ཕྱུར་49.98ཡུལ་སྐོར་ལ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 10ཚེས་23ཉིན། 14:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རའི་གྲངས་གཞིའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ནང་གི་ཡུལ་མི་ཡུལ་སྐོར་ལ་སྐྱོད་པའི་དཔེ་འཐེན་བརྟག་དཔྱད་ཀྱི་བསྡོམས་རྩིས་བྱས་འབྲས་གཞིར་བཟུང་། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ནང་གི་ཡུལ་མི་མི་ཐེངས་དུང་ཕྱུར་49.98ཡུལ་སྐོར་ལ་བསྐྱོད་པ་དེ་ལོ་གོང་མའི་དུས་མཚུངས་ལས་དུང་ཕྱུར་7.61འཕར་བ་དང་དུས་མཚུངས་དང་བསྡུར་ན་18.0%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར་37.89ཟིན་པ་དེ་དུས་མཚུངས་ལས་15.9%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར་12.09ཟིན་པ་དེ་དུས་མཚུངས་ལས་25.0%འཕར་ཡོད།