དུས་མཚུངས་དང་བསྡུར་ན་6%འཕར་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་23ཉིན། 14:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་35.4སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་དང་བསྡུར་ན་6%འཕར་ཏེ་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་སླར་ཡང་བཏོད་ནས་རྒྱལ་ཡོངས་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་དང་གོ་རིམ་ལྡན་པ་བྱུང་ཡོད་པ་རེད།
འགྲུལ་པ་སྐྱེལ་འདྲེན་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ལྕགས་ལམ་སྡེ་ཚན་གྱིས་མྱུར་བགྲོད་ལྕགས་ལམ་དང་དཀྱུས་བགྲོད་ལྕགས་ལམ་གྱི་ཐོན་ཁུངས་སྤྱི་འདོམས་བྱས་ནས། ད་ལོ་མང་དུ་བཏང་བའི་ཁྲུང་ཆིང་དང་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་ཁྲུང་ཆིང་ཤར་རྒྱུད་ནས་ཆན་ཅང་བར་གྱི་དུམ་བུ་དང་། ཧྲེན་དབྱང་ནས་ཅ་མུའུ་སི་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲེན་དབྱང་ནས་པའེ་ཧོ་བར་གྱི་དུམ་བུ། ཤང་དབྱང་ནས་ཅིང་མོན་དང་ཅིང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲུང་ཆིང་འབབ་ཚུགས་ཤར་མ་སོགས་ལམ་ཐིག་གསར་པ་དང་འབབ་ཚུགས་གསར་པའི་ནུས་པ་དང་པེ་ཅིང་ནས་ཧར་པིན་བར་གྱི་མྱུར་བགྲོད་ལྕགས་ལམ་པེ་ཅིང་ནས་ཧྲེན་དབྱང་བར་གྱི་དུམ་བུ་དང་། ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧང་ཀྲོའུ་ནས་ཁྲང་ཧྲ་བར་གྱི་དུམ་བུའི་ཚད་གཞི་མཐོ་བའི་འཁོར་སྐྱོད་ཕན་འབྲས་གང་ལེགས་སྤྱོད་པ་དང་། སྐྱེལ་འདྲེན་ནུས་པ་ཐབས་བརྒྱ་ཇུས་སྟོང་གིས་སྔོག་འདོན་བྱེད་པ། མེ་འཁོར་གཏོང་བའི་འཆར་གཞི་བབ་བསྟུན་ངང་ལེགས་སུ་གཏོང་བ་བཅས་བྱས་པས་རྒྱལ་ཡོངས་ལྕགས་ལམ་ནས་ཉིན་རེར་ཆ་སྙོམས་མེ་འཁོར་ཐེངས་11087བཏང་བ་དེ་དུས་མཚུངས་དང་བསྡུར་ན་7.1%འཕར་ཡོད་པ་རེད།
ཡུལ་སྐོར་མེ་འཁོར་གྱི་སྤུས་འབོར་གཉིས་ཀ་འཕར་ཞིང་། ཟླ་བ་དང་པོ་ནས་དགུ་པའི་བར། རྒྱལ་ཡོངས་ལྕགས་ལམ་གྱིས་མེ་འཁོར་ཐེངས་1818བཏང་ནས་ཡུལ་སྐོར་དཔལ་འབྱོར་དང་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱས་ཡོད། “གླུ་དབྱངས་དབྱིངས་པའི་ཆེད་གཏོང་མེ་འཁོར”དང“སྤོ་ལོ་དབྱིངས་པའི་ཆེད་གཏོང་མེ་འཁོར”གཏོང་བ་དང་། བརྗོད་དོན་གཙོ་བོའི་མེ་འཁོར+”དཔལ་འབྱོར་འཕེལ་བ་བྱས་ནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་རྒྱ་སྐྱེད་བཏང་ཡོད། རང་རྒྱལ་གྱི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དང་འཚམ་པ་དང་། རྒྱལ་སྒྲོལ་འགྲུལ་སྐྱེལ་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ལྦེ་དང་། ཀྲུང་ཨུ། ཀྲུང་མོང་སོགས་རྒྱལ་སྤྱིའི་མེ་འཁོར་ཡག་པོ་བཏང་ནས་ཀོང་ཏུང་དང་། ཧྲེན་ཀྲེན། ཤང་ཀང་བཅས་བར་གྱི་མྱུར་བགྲོད་ལྕགས་ལམ་དང་ཀྲུང་ལོའི་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་ཁྲི་2330.9དང་མི་ཐེངས་ཁྲི་19.7སྐྱེལ་འདྲེན་བྱས་ནས་རྒྱལ་སྒྲོལ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་སྐུལ་འདེད་བཏང་བས་མི་སྣའི་དབར་སྤེལ་རེས་དང་ཚོང་དོན་འགྲོ་འོང་ལ་རམ་འདེགས་ནུས་ལྡན་ཐུབ་ཡོད་པ་རེད།