འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་18ཉིན།

༄༅།།ཉེན་རྟོག་པའི་གྱོན་གོས་གྱོན་ཏེ་ཐད་གཏོང་བྱས་པས། “ཅོ་ཀཱ་ཙེ་”ཉེན་རྟོག་པས་བཟུང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་18ཉིན། 15:08】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འཁྲབ་སྟོན་པ་“ཅོ་ཀཱ་ཙེ་”རུ་འབོད་པའི་ཤེ་ཆེ་གེ་མོས་ཟླ་9པའི་ཚེས་10ཉིན་དྲ་ཐོག་ཏུ་ཐད་གཏོང་བྱེད་སྐབས། ཉེན་རྟོག་པའི་གྱོན་ཆས་གྱོན་ནས་ཅ་དངོས་བཙོངས་པ་མ་ཟད་ཚིག་རྩུབ་བརྗོད་པའི་དོན་རྐྱེན་ལ་དོ་ཁུར་ཆེན་པོ་བྱེད་མཁན་བྱུང་། དེ་རིང་། ཡུན་ནན་ལིན་ཚང་གྲོང་ཁྱེར་ཀེང་མ་ཏའེ་རིགས་ཝ་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་བརྡ་བཏང་བའི་ནང་དོན་གཤམ་གསལ།

     ཉེ་དུས། མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པར་གཞིགས་ན། “མི་ཞིག་གིས་ཉེན་རྟོག་པའི་གྱོན་ཆས་གྱོན་ནས་ཐད་གཏོང་བྱེད་སྐབས་ཅ་དངོས་འཚོང་གིན་འདུག་པས། ཉེན་རྟོག་ཕྱོགས་ནས་བརྟག་དཔྱད་དང་ཐག་གཅོད་བྱེད་རོགས་”ཞེས་ཞུས་ཡོད་པ་རེད། ཉེན་བརྡ་འབྱོར་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་དུ་བརྟག་དཔྱད་ལས་དོན་སྤེལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད། ཤེ་ཆེ་གེ་མོ་(སྐྱེས་པ། ལོ་36 ཧོ་པེ་ཞུང་རྫོང་ནས་ཡིན་པ་)ཡིས་གློག་བརྙན་པར་ལེན་གྱི་བར་གསེང་དུ་ངལ་གསོ་རྒྱག་སྐབས་ཉེན་རྟོག་པའི་མཚོན་རྟགས་མངོན་གསལ་དོད་པའི་གྱོན་ཆས་གྱོན་ནས་ཐད་གཏོང་བྱེད་སྐབས། ཅ་དངོས་བཙོངས་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས་》ཀྱི་དོན་ཚན་སོ་དྲུག་པའི་གཏན་འབེབས་གཞིར་བཟུང་། ཤེ་ཆེ་གེ་མོར་ཁྲིམས་ལྟར་ཉིན་7རིང་སྲིད་འཛིན་བཀག་ཉར་བྱ་རྒྱུ་ཡིན་པ་རེད།

     ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། མི་དམངས་ཉེན་རྟོག་པའི་སྤྱོད་བྱེད་མཚོན་རྟགས་དང་། ལས་གོས། ཉེན་རྟོག་པའི་ལག་ཆ། ལག་ཁྱེར་བཅས་མི་དམངས་ཉེན་རྟོག་པའི་ཆེད་སྤྱོད་ཡིན་པས། སྒེར་དང་སྒྲིག་འཛུགས་གཞན་དག་གིས་ཉར་སྤྱོད་བྱས་མི་ཆོག

     དྲ་རྒྱའི་བར་མཐོངས་ནི་“ཁྲིམས་ཕྱིའི་ས་ཆ་”མིན་པས་རྒྱ་ཆེའི་དྲ་དམངས་ཚོས་ཡ་རབས་ངང་དྲ་རྒྱར་ཞུགས་པ་དང་ཁྲིམས་ལྟར་དྲ་རྒྱར་ཞུགས་ནས་དྭངས་གསལ་གྱི་དྲ་རྒྱའི་བར་མཐོངས་མཉམ་དུ་བསྐྲུན་དགོས།