འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་18ཉིན།

༄༅།།ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་18ཉིན། 15:03】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     དབྱིན་ཇིའི་རླུང་འཕྲིན་ཀུང་སི་(BBC)ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་དགོང་མོར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དབྱིན་ཇིར་འབྱོར་བ་དང་། ཁོང་གིས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་ཐེངས་གཉིས་པ་བྱེད་འགོ་ཚུགས་པ་རེད།

     གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་གི་ཆེད་གཏོང་གནམ་གྲུ་མཁའ་དམག་ཨང་དང་པོ་ལོན་ཏོན་སི་ཐན་སི་ཐེ་ཏེ་གནམ་གྲུ་ཐང་དུ་འབྱོར་རྗེས་ཐེ་རོན་ཕུ་དང་སྐུ་ཟླ་གཉིས་སླར་ཡང་མཚོ་དམག་སྐམ་འཐབ་རུ་ཁག་གི་ཐད་འཕུར་གནམ་གྲུ་ཨང་དང་པོར་བཞུགས་ཏེ་ལོན་ཏོན་གྲོང་ཁྱེར་ལྟེ་གནས་སུ་ཕྱིན་པ་དང་ཁོང་གཉིས་ཚེས་16ཉིན་གྱི་དགོང་མོར་ལོན་ཏོན་གྱི་དབྱིན་ཇིའི་སྲིད་འཛིན་སྤྱི་གླིང་ཉེ་འགྲམ་གྱི་ཝུན་ཧྥེར་ཏེ་ཕོ་བྲང་དུ་འདུག་རྒྱུ་ཡིན།

     ཐེ་རོན་ཕུས། ད་ཐེངས་ཀྱི་འཕུར་སྐྱོད་ཡག་པོ་བྱུང་། “སང་ཉིན་ནི་དོན་སྙིང་གལ་ཆེ་བའི་ཉིན་ཞིག་ཡིན་”ཞེས་བརྗོད་པ་རེད།

     ཚེས་17ཉིན་དབྱིན་ཇིའི་རྒྱལ་པོ་ཁྲའར་སི་སྐུ་ཕྲེང་གསུམ་པས་ཝུན་ཧྲ་པའོ་རུ་ཐེ་རོན་ཕུར་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་ཚེས་18ཉིན་ཐེ་རོན་་ཕུས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོར་ཐུག་འཕྲད་བྱ་རྒྱུ་ཡིན།