གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་17ཉིན། 13:56】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས། 2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་གུང་གསེང་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ།
རྫོང་(ཆུས་དང་གྲོང་ཁྱེར་)ཁག་གི་མི་དམངས་སྲིད་གཞུང་དང་། མཁའ་འགྲུལ་གནམ་ཐང་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན། གྲོང་ཁྱེར་(ཀྲུང་དབྱང་དང་ཆུས་)ཐད་གཏོགས་སྡེ་ཚན་ཁག་དང་། ལས་རིགས་ཁག ཁེ་ལས་ཁག མི་དམངས་ཀྱི་ཚོགས་པ་ཁག་བཅས་ལ།
《རྒྱལ་ཡོངས་ཀྱི་ལོ་གཅིག་དུས་ཆེན་དང་དྲན་གསོའི་ཉིན་མོའི་གུང་གསེང་འཇོག་ཐབས་》ཀྱི་བརྡ་ཐོའི་དགོངས་དོན་ལྟར་2025ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་གུང་གསེང་འཇོག་རྒྱུའི་བཀོད་སྒྲིག་བྱས་པ་གཤམ་གསལ།
ཟླ་9ཚེས་22ཉིན་(རེས་གཟའ་ཟླ་བ་)གུང་གསེང་འཇོག་རྒྱུ་ཡིན་པས་གཟའ་མཇུག་དང་གུང་གསེང་སྦྲེལ་རྒྱུ་ཡིན།
དུས་ཆེན་གྱི་གུང་གསེང་རིང་ཚན་པ་ཁག་གིས་ལས་རེས་དང་། བདེ་འཇགས། བདེ་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་ཡག་པོར་བྱས་ཏེ་མི་དམངས་མང་ཚོགས་ཚོ་བདེ་འཇགས་ངང་དུས་ཆེན་གྱི་གུང་གསེང་གཏོང་ཐུབ་པར་བྱེད་དགོས་པ་འདི་བཞིན་དོན་ཆེད་ཁྱབ་བསྒྲགས་བྱ་རྒྱུ་ཡིན།
ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་ནས།
2025ལོའི་ཟླ་9པའི་ཚེས་16ཉིན།