འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་16ཉིན།

༄༅།།བོད་ལྗོངས་རྒན་རྒོན་སློབ་ཆེན་གྱི་སློབ་བསྡུའི་སྒྲིག་ཡིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་16ཉིན། 14:00】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

བོད་ལྗོངས་རྒན་རྒོན་སློབ་ཆེན་གྱི་སློབ་བསྡུའི་སྒྲིག་ཡིག་མདོར་བསྡུས།

     བོད་ལྗོངས་རྒན་རྒོན་སློབ་ཆེན་2021ལོའི་ཟླ་11པར་བཙུགས་པ་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཁོངས་སུ་གཏོགས། རྒན་རྒོན་སློབ་ཆེན་གྱིས་“ཤེས་བྱ་སྦྱོང་བ་དང་། འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། སེམས་བདེ་བག་ཕེབས་སུ་གཏོང་བ། བདེ་ཐང་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་”བཅས་ཀྱི་སློབ་གཉེར་དམིགས་ཡུལ་གཞིར་བཟུང་། “གསར་བརྗེ་དང་། སྤྱོད་བཟང་། ཁྲིམས་སྐྱོང་། ཤེས་རིག ལག་ཤེས་་”བཅས་ཀྱི་སློབ་གཉེར་འདུ་ཤེས་མཐའ་འཁྱོངས་ཀྱིས་“རྒན་བརྩི། དགེ་བཀུར། ལུགས་བརྩི། མཛའ་མཐུན། ཞི་མཐུན་”བཅས་ཀྱི་སློབ་གྲྭའི་དར་སྲོལ་བཟང་པོ་དར་སྤེལ་བཏང་ནས། བོད་རང་སྐྱོང་ལྗོངས་ཀྱི་རྒན་རྒོན་སློབ་གསོ་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་བ་ཡིན། 2025ལོའི་སྟོན་སྐབས་སློབ་དུས་ཀྱི་སློབ་མ་བསྡུ་བར་ཡོངས་བསྒྲགས་དང་། དྲང་སྙོམས། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ལྷ་ས་གྲོང་ཁྱེར་གྱི་ལོ་40ཡན་གྱི་མི་སྣར་ཁ་ཕྱོགས་ནས་སློབ་བསྡུ་བྱ་རྒྱུ་རེད།

     གཅིག སློབ་བསྡུ་བྱ་ཡུལ།

     ལྷ་ས་གྲོང་ཁུལ་དུ་གནས་སྡོད་བྱེད་པ་དང་། ལུས་སེམས་བདེ་ཐང་། སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་རང་རྟོགས་ངང་བརྩི་སྲུང་ཞུ་བ། རྒྱུན་གཏན་སློབ་སྦྱོང་མཐའ་འཁྱོངས་ཐུབ་པ་བཅས་ཀྱི་ལོ་40ཡན་གྱི་མི་སྣ་ཚང་མས་མིང་ཐོ་བཀོད་ཆོག ལོ་80ཡན་གྱི་རྒན་རབས་ནས་ཐག་ཉེ་སར་སློབ་གྲྭར་སློབ་ཞུགས་བྱེད་པའམ་ཡང་ན་ཁྱིམ་དུ་དྲ་ཐོག་ནས་སློབ་ཚན་ཉན་རྒྱུའི་གྲོས་འགོ་འདོན་པ་དང་། གལ་སྲིད་ངེས་པར་དུ་སློབ་གྲྭར་སློབ་སྦྱོང་ཡོང་འདོད་ན། སློབ་མའི་ཐད་གཏོགས་གཉེན་ཉེ་དང་སློབ་གྲྭས་《ལོ་ན་མཐོ་བའི་སློབ་མ་སློབ་ཞུགས་གཏན་འཁེལ་ཡི་གེར་》མིང་རྟགས་བཀོད་རྗེས་གཞི་ནས་མིང་ཐོ་བཀོད་ཆོག

     གཉིས། སློབ་ཁྲིད་བྱེད་སྟངས།

     1. དྲ་ཕྱིའི་སློབ་ཁྲིད་སྤེལ་རྒྱུ།

     2.གལ་ཏེ་རིམས་ནད་སོགས་དམིགས་བསལ་གནས་ཚུལ་ཐོན་ཚེ་སློབ་གྲྭས་གོང་རིམ་སྡེ་ཁག་གི་བླང་བྱ་གཞིར་བཟུང་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུ།

     གསུམ། སློབ་བསྡུའི་འཆར་གཞི།

     མེ་ཏོག་མཛེས་བཟོའི་འཛིན་གྲྭར་མི་25བསྡུ་རྒྱུ།

     བཞི། མིང་ཐོ་འགོད་པའི་བརྒྱུད་རིམ།

     1. སྐད་འཕྲིན་བཤེར་འབེབས་ཨང་རྟགས་ནས་་“བོད་ལྗོངས་རྒན་རྒོན་སློབ་ཆེན་”གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱེད་པ་དང་།

     2. གཏན་འབེབས་དུས་ཚོད་ནང་མིང་ཐོ་འགོད་པ།(ཁ་པར་ཐོག་ནས་མིང་ཐོ་འགོད་པ།)

     ལྔ། མིང་ཐོ་འགོད་པའི་དུས་ཚོད་དང་ཁ་པར།

     1.མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ་9ཚེས་15ཉིན་ནས་ཚེས་19ཉིན་བར།

     2.འབྲེལ་གཏུག་བྱེད་ས། ལྷག་པ། 18689096605

     སློབ་གྲྭའི་གནས་ཡུལ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་ནུབ་མ།(བཅིངས་བགྲོལ་དཀྱིལ་ལམ་གྱི་ཅིན་ལུང་ལམ་ཨང་5པ།)ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོ་ལྟེ་གནས།

     དོ་སྣང་བྱེད་དགོས་པའི་དོན་དག

     (གཅིག)མིང་ཐོ་འགོད་པར་བདེ་ཐང་སྐོར་གྱི་ཆ་རྐྱེན།

     སློབ་སྦྱོང་བྱེད་རིང་བློ་ཡུལ་ལས་འདས་པའི་དོན་རྐྱེན་མི་འབྱུང་བའི་ཆེད་དུ་གཤམ་གསལ་གྱི་ནད་རིགས་དང་སློབ་གྲྭར་སློབ་ཁྲིད་བྱེད་པར་མི་འཚམ་པའི་གནས་ཚུལ་ཡོད་པའི་གྲོགས་པོ་རྒན་དར་རྣམས་ཀྱིས་མིང་ཐོ་འགོད་མི་རུང་ཞིང་། ནད་གཞི་སྦ་གསང་བྱས་ནས་སློབ་སྦྱོང་ལ་ཞུགས་ནས་དོན་རྐྱེན་བྱུང་ཚེ་འགན་ཚང་མ་རང་ཉིད་ཀྱིས་འཁུར་དགོས།

     1. འགོས་ནད་ཕོག་པ་དཔེར་ན། འགོས་ནད་མཆིན་ཚད་དང་། འགུལ་སྐྱོད་དུས་ཀྱི་གློ་གཅོང་། རྒྱུ་ཚད་སོགས་འགོས་ནད་ཕོག་མཁན།

     2. སྙིང་ཁམས་དང་ཀླད་རྩའི་ནད་རིགས་ཕོག་པ་དཔེར་ན། ཁྲག་ཤེད་མཐོ་བ་དང་། ཀླད་ཁྲག་འགག་པའམ་ཀླད་ཁྲག་འཛག་པའི་ནད་རྙིང་ཕོག་པ། སྙིང་རྩ་འགག་པ་སོགས།

     3. དབུགས་ལམ་གྱི་ནད་རིགས་ཕོག་པ་དཔེར་ན། གློ་བ་སྦོས་པ་དང་། གློ་སྙིང་ནད་ཕོག་པ་སོགས།

     4. སེམས་ཁམས་ཀྱི་ནད་རིགས་ཕོག་པ་དཔེར་ན། བརྒྱལ་གཟེར་དང་། ཡི་མུག་ནད། ཨལ་ཟེ་མེར་ནད་སོགས།

     5. ཁྲག་ཤེད་དམའ་བའི་ནད་རིགས་ཕོག་པ་དཔེར་ན། ཁྲག་དམར་སྤྲི་དཀར་གྱི་གྲངས་ཚད་ཧྲེང་རེར་ཁེ་50མན་ཆད་ཀྱི་མི་སྣ།

     6.འབྲིང་རིམ་མམ་དེའི་ཡན་གྱི་གཤག་བཅོས་སླར་གསོའི་དུས་ཀྱི་མི་སྣ་བཅས་ཡིན།

     (གཉིས།)དོན་དག་གཞན།

     སློབ་མས་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་སློབ་མའི་འཛིན་བྱང་འཁྱེར་ནས་སློབ་གྲྭ་དང་སློབ་ཁང་དུ་འཛུལ་དགོས་པ་ལས་འཛིན་བྱང་གཞན་ལ་གཡར་མི་ཆོག