འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་15ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་གཞུང་བཙུགས་གཞུང་གཉེར་སྨྱོ་ནད་འཕྲོད་བསྟེན་ཕན་བདེ་ཁང་ཐོག་མ་
མངའ་རིས་ས་ཁུལ་དུ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་15ཉིན། 14:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཉེ་དུས་ལྗོངས་ཡོངས་ཀྱི་གཞུང་བཙུགས་གཞུང་གཉེར་སྨྱོ་ནད་འཕྲོད་བསྟེན་ཕན་བདེ་ཁང་ཐོག་མ་དེ་མངའ་རིས་ས་ཁུལ་གྱི་སྨྱོ་ནད་འཕྲོད་བསྟེན་ཕན་བདེ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དེས་མངའ་རིས་ས་ཁུལ་གྱི་ཆེད་ལས་སྨྱོ་ནད་འཕྲོད་བསྟེན་སྒྲིག་གཞིའི་སྟོང་ཆ་བསྐངས་ནས་ས་གནས་དེ་གའི་སྤྱི་ཚོགས་ཀྱི་ཕན་བདེའི་བྱ་གཞག་གནད་སྨིན་ཅན་དང་ཆེད་ལས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་ལེན་བྱེད་རོགས་ནུས་ལྡན་བྱས་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཕན་བདེ་ཁང་དེར་མ་དངུལ་ཁྱོན་སྒོར་ཁྲི་5000བཏང་བ་དང་ས་ཁྱོན་མུའུ་15ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་7126.28ཟིན་པའི་ནང་ཉལ་ཁྲི་63ཡོད། ཕན་བདེ་ཁང་དེའི་ནང་ནད་བརྟག་ཁང་དང་། ལུས་གསོ་ཁང་། འཚོ་བཅུད་ཟ་ཁང་སོགས་ཀྱི་ནུས་པ་ལྡན་པའི་ཁུལ་བཙུགས་ཡོད་ལ། ཆེད་ལས་ཀྱི་སྨན་བཅོས་སྒྲིག་ཆས་དང་། ལུས་གསོའི་ཡོ་བྱད། འཚོ་བའི་སྒྲིག་ཆས་བཅས་ཀྱང་ཆ་ཚང་སྒྲིག་སྦྱོར་བྱས་ཡོད་པ་རེད། དེའི་ཞབས་འདེགས་ཞུ་ཡུལ་ནི་ས་གནས་དེ་གའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་སོགས་དམིགས་བསལ་ཚོགས་སྤྱིའི་སེམས་ཁམས་ཀྱི་རྐྱེན་ངན་ཕོག་མཁན་དག་ཡིན་པ་དང་། དམིགས་བསལ་ཚོགས་སྤྱིའི་སེམས་ཁམས་ཀྱི་རྐྱེན་ངན་ཕོག་མཁན་ལ་སྨན་བཅོས་དང་འཚོ་བའི་དགོས་མཁོ་སྐོང་ཆེད། ཕན་བདེ་ཁང་དེས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དང་སྨན་བཅོས་གྲོས་མཐུན་བཞག་ནས་ཆེད་མངགས་སྨན་བཅོས་ལམ་སྲོལ་དང་ནད་བརྟག་སྨན་བཅོས་བྱེད་ཐབས་བཙུགས་ནས་ནད་པར་“སྨན་བཅོས་དང་། ལུས་གསོ། འཚོ་བའི་འགན་ལེན་”བཅས་གཅིག་ཏུ་སྦྲེལ་བའི་ཞབས་ཞུ་དང་། གསོ་སྐྱོང་མི་སྣ་དང་ལུས་གསོ་དགེ་རྒན། སྤྱི་ཚོགས་ཀྱི་ལས་དོན་པ་བཅས་ཆེད་དོན་རུ་ཁག་བཙུགས་ནས། ནད་བརྟག་སྨན་བཅོས་དང་། སེམས་ཁམས་གསོ་བ། རྩལ་ནུས་སྦྱོང་བརྡར་སོགས་ཀྱི་ཐབས་ལམ་བརྒྱུད་ནས། ནད་པའི་འཚོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་རོགས་བྱ་རྒྱུ་ཡིན་པ་རེད།