གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་05ཉིན། 13:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། ལྷག་པར་དུ། དབྱར་གསེང་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི་ལ་ཉེ་བར་སྣེ་ལེན་ཞུས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་འགྲེམས་ཁང་གི་ཐེག་ནུས་དང་ཟུང་འབྲེལ་བྱས་ནས་ཉིན་རེའི་སྔོན་མངག་གི་མི་གྲངས་སྔ་དྲོ་དང་ཕྱི་དྲོར་དབྱེ་ནས་བགོ་བཤའ་བརྒྱབ་པ་དང་། གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་བརྒྱུད་དུས་མཚམས་ཁག་གི་སྤ་སེ་ལྷག་མའི་གནས་ཚུལ་དུས་ཐོག་ཏུ་གསར་བརྗེས་བྱས་ཏེ“འཚང་གཡོལ་ལྟ་སྐོར་དྲན་སྐུལ”དང“སྔོན་མངག་གི་ཤེས་བྱ”སོཌ་ཀྱི་ཆ་འཕྲིན་དུས་མཉམ་དུ་བསྐུར་ནས་ཡུལ་སྐོར་བས་ལུགས་མཐུན་ངང་འགྲུལ་བཞུད་འཆར་འགོད་བྱེད་པར་ཁྲིད་སྟོན་བྱེད་ཀྱི་ཡོད་པ་རེད།
རྒན་རྒོན་དང་བྱིས་པ་སོགས་ཀྱི་ཚོགས་སྤྱིར་དམིགས་ནས། མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས“དྲ་ཕྱིའི་ཐོ་འགོད་དང་ནང་མིས་འགྲོ་རོགས”ཀྱི་སྔོན་མངག་མི་དགོས་པའི་བགྲོད་ལམ་སོར་འཇོག་བྱས་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་རྟེན་མཛོད་ཁང་དུ་འཛུལ་བར་རམ་འདེགས་བྱེད་ཀྱི་ཡོད་པ་རེད།