འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་3ཉིན།

༄༅།།མཚོ་སྔོན་གྱིས་དམངས་ཡོངས་ཀྱི་ལྟ་ཀློག་ཁྱབ་གདལ་བའི་ གསོ་སྦྱོང་འཛིན་གྲྭ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་03ཉིན། 10:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལྟ་ཀློག་ཁྱབ་གདལ་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་འཚོགས་པ་རེད། ལྟ་ཀློག་ཁྱབ་གདལ་ལྟེ་གནས་དང་། ས་ཚིགས། དེ་བཞིན་རྫོང་དང་ཆུས་ཀྱི་དྲིལ་བསྒྲགས་རིག་གནས་སྡེ་ཚན་ནས་ཡོང་བའི་ལས་སྒོའི་རྐང་འཛིན་པ་56གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

     ད་ཐེངས་ཀྱི་གསོ་སྦྱོང་ནི་ཀྲུང་གུང་མཚོ་སྔོན་ཞིང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་མཚོ་སྔོན་སློབ་ཆེན་རྒྱུན་མཐུད་སློབ་གསོའི་སློབ་གླིང་གིས་མཉམ་དུ་གཉེར་འགན་འཁུར་བ་རེད། གསོ་སྦྱོང་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས། དམངས་ཡོངས་ཀྱི་ལྟ་ཀློག་ཁྱབ་གདལ་མ་ལག་དང་། ལྟ་ཀློག་བྱེད་སྒོའི་ཇུས་འགོད་དང་སྒྲིག་འཛུགས་ལག་བསྟར། སྨྱན་སྦྱོར་གསར་པའི་ལྟ་ཀློག་བྱ་ཐབས་སོགས་སློབ་ཚན་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ལྟ་ཀློག་ཁྱབ་གདལ་རིགས་གཅིག་མཁས་ཅན་དང་འཐབ་ཕྱོགས་དང་པོའི་ལས་དོན་པ་སློབ་ཚན་ཁྲིད་པར་གདན་དྲངས་ཡོད་པ་རེད།

     གསོ་སྦྱོང་བྱེད་སྐབས་སྲིད་ཇུས་གསལ་འགྲེལ་དང་། གྱོད་དཔེ་མཉམ་སྤྱོད། ལག་ལེན་སློབ་ཁྲིད་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་སློབ་མས་དམངས་ཡོངས་ཀྱི་ལྟ་ཀློག་ལས་དོན་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་ནུས་ཤུགས་ཡོད་རྒུས་བཏང་བ་དང་ལྟ་ཀློག་ཁྱབ་གདལ་གྱི་ཆེད་ལས་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད། བརྒྱུད་རིམ་ལྡན་པའི་སློབ་སྦྱོང་བརྒྱུད། སློབ་མ་ཚོས་དམངས་ཡོངས་ཀྱི་ལྟ་ཀློག་ལས་དོན་གྱི་དོན་སྙིང་གལ་ཆེན་དང་ཕྲག་ཏུ་འཁུར་བའི་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་དུ་ཕྱིན་ཡོད།