གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་29ཉིན། 09:00】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ལོ་ངོ་དྲུག་ཅུའི་ལོ་ཟླ་རིང་མོའི་ཁྲོད། གངས་ལྗོངས་རིག་གནས་གསོན་ཤུགས་ཆད་མེད་རྒྱས། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བྲོ་གར་འབའ་གཞས་དལ་གྱིས་འགུལ། ལོ་ངོ་སྟོང་གི་ངོ་མཚར་འབའ་པའི་བྲོ། ཚེ་སྲོག་གི་གསོན་ཉམས་རྒྱས་པའི་རལ་པ། མངའ་རིས་ཀྱི་གནའ་ཉམས་ལྡན་པའི་ཤོན་ལ་སོགས་པ་ནི་བོད་ལྗོངས་ཀྱིས་བྲོ་དང་གར་ལ་བརྟེན་ནས་གངས་ལྗོངས་ཀྱི་མཛེས་སྡུག་ངོམས་པ་ཡིན་ནོ།།