འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་20ཉིན།

༄༅།།གནའ་བོའི་གྲོང་ནས་རྣམ་པ་གསར་པ་མངོན། རྟེན་འབྲེལ་ཆེ་མོ་དགའ་བའི་འཛུམ་གྱིས་བསུ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་20ཉིན། 14:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཐང་ཆེན་གྱི་རྟེན་འབྲེལ་ཆེ་མོའི་བརྗོད་དོན་གཙོ་བོའི་མེ་ཏོག་ཡིན་པ།

འདི་ནི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཐང་ཆེན་གྱི་རྟེན་འབྲེལ་ཆེ་མོའི་བརྗོད་དོན་གཙོ་བོའི་མེ་ཏོག་ཡིན་པ།

འདི་ནི་མཛེས་རྒྱན་སྤྲས་ནས་རྣམ་པ་གསར་རྐྱང་དུ་གྱུར་པའི་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་ཡིན་པ།

འདི་ནི་མཛེས་རྒྱན་སྤྲས་ནས་རྣམ་པ་གསར་རྐྱང་དུ་གྱུར་པའི་ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་ཡིན་པ།

     ཉིན་ཤས་བསྟུད་མར། ལྷ་སའི་ཁྲོམ་གཞུང་གང་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་རྣམ་པ་ཟབ་མོས་ཁེངས་པ་སྟེ། ཁྲོམ་གཞུང་གཞོགས་གཉིས་ཀྱི་གློག་ཤིང་བར་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་། ལྒང་བཞུ་དམར་པོ་མཐོན་པོར་བཀལ་བ། ཚོན་ལྔའི་རྒྱན་སྤྲོས་ཀྱིས་མི་རྣམས་ལ་དགའ་སྤྲོ་འཁོལ་བའི་ཉམས་སྣང་སྦྱིན་པ། རླངས་འཁོར་གོ་རིམ་ལྡན་པའི་ངང་འགྲོ་འོང་བྱེད་པ་དང་། རྒྱ་ལམ་འགྲུལ་པ་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།