གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་19ཉིན། 15:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་8ཚེས་18ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེན་པོར་ཉེ་བ་དང་ཆབས་ཅིག་ལྷ་སའི་ཁྲོམ་གཞུང་གང་སར་སྤྲོ་སྣང་གི་རྣམ་པས་ཁེངས། གྲོང་ཁུལ་གྱི་གཞུང་ལམ་གཙོ་བོའི་ལམ་སྒྲོན་སྒར་སར་རྒྱལ་དར་གསར་རྐྱང་དང་ཚོན་ལྡན་དར་ཆ་གྲལ་འགྲིག་ཏུ་བསྒར་བ་དང་། རླུང་གིས་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག རྣམ་བཀྲའི་ཚོན་མདངས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུགས་ཏེ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར། གཞན་ཡང་ལས་དོན་མི་སྣ་ཚོ་མེ་ཏོག་གི་སྟེགས་བུ་བསྒྲིགས་རྒྱུར་བྲེལ་ཞིང་། ཐང་ཆེན་དང་སྤྱི་གླིང་ཆེ་གྲས་ཁག་ཏུའང་མེ་ཏོག་གིས་བརྒྱན་པས། ལྷ་སར་ཡིད་འོང་རྣམ་བཀྲའི་ཐོག་ནས་དུས་སྐབས་གལ་ཆེན་བསུ་བཞིན་ཡོད།
